དབུས་གཙང་ཆོལ་ཁ་ནས་རི་ཀོན་ཆོས་སྐོར་དགོན་དུ་ཞབས་རིམ་དང་རྒྱུན་ལས་གསར་འདེམས་གནང་བ།

༄༅། །སུད་སི་ས་གནས་དབུས་གཙང་ཆོལ་ཁས་སྤྱི་ལོ་ ༢༠༡༢ སྤྱི་༩ ཚེས་༡༥ ་ཉིན་ས་གནས་རི་ཀོན་ཆོས་སྐོར་དགོན་དུ་སྐུ་ཕྱའི་ཞབས་རིམ་དང་འབྲེལ་སྔར་ནས་ད་བར་བོད་ཕྱི་ནང་གཉིས་ནས་བོད་བསྟན་པ་ཆབ་སྲིད་དང་རང་དབང་སླར་གསོའི་ཆེད་རང་ལུས་མཆོད་མེར་ཕུལ་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེས་མཚོན་ཆེད་དུ་མཆོད་འབུལ་དང་   དབུས་རྒྱུན་སྐབས་དགུ་པའི་རྒྱུན་ལས་གསར་འདེམས་ཀྱི་འོས་བསྡུ་དེ་སུད་སེ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་  ས་གནས་སྒྲིགས་འཛུགས་ཀྱི་མི་དམངས་ཚོགས་གཙོ་དེ་བཞིན་སྤྱི་ཟུར་དང་སྐྱབས་གནས་མཁན་རིན་པོ་ཆེདབུས་པའི་དགེ་འདུན་གྱི་སྡེ་ཚོགས་དང་ས་གནས་མི་མང་བཅས་ནས་དབུས་རྒྱུན་སྐབས་དགུ་པའི་རྒྱུན་ལས་གསར་པ་རྣམས་ལ་མཇལ་དར་དང་བཅས་ལེགས་སྒྲུབ་བྱུང་བ།

སི་ལིང་རྒྱལ་མཚན་ནས་

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།