དཔལ་ལྡན་སྲིད་སྐྱོང་མཆོག་སུད་སི་ནང་ཆིབས་སྒྱུར་སྐྱོང་།

དེ་རིང་གི་མཛད་འཕྲིན་སྐོར་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་། དོན་གཅོད་འཆི་མེད་རིགས་འཛིན་ལགས་གཉིས་ཀྱི་ངོ་སྤྲོད་གནང་དོན། གོང་ཚེས་ཉིན་གྱི་ཞོགས་པར་སུད་སི་གྲོང་ཁྱེར་ཛུ་རིག་ནང་རྟེན་གཞི་བྱས་པའི་གསར་ཁང་གྲགས་ཆེན་NZZ ནང་ཕེབས་སྟེ་བོད་ཀྱི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་བཅར་འདྲི་དང་ལེན་གནང་བ་དང་། དེ་རྗེས་སུད་སི་རྒྱལ་ས་སྦརན་གྱི་ཕྱི་སྲིད་ཀྱི་སྡེ་ཚན་འགན་འཛིན་བདུན་ཙམ་ལྷན་འཛོམས་ཐོག་སྲིད་སྐྱོང་ལ་བཀའ་འདྲི་ཞུས་པ་དང་། དེ་རྗེས་སུད་སི་གྲོས་ཚོགས་ནང་ཕེབས་སྟེ་གྲོས་ཚོགས་འཐུས་མི་གཉིས་ཀྱི་སྣེ་ལེན་ཐོག་བོད་དོན་བཀའ་བསྡུར་གནང་བ་དང་། གྲོས་ཚོགས་འཐུས་མི་ཁག་དང་ལྷན་ཞལ་ལག་མཉམ་མཆོད་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་ཆོད་ཐོག་བཀའ་བསྡུར་ལྷུག་པོ་བྱུང་སོང་། ཞེས་སོགས་གསུང་གནང་སོང་།

ད་རེས་སྲིད་སྐྱོང་མཆོག་སུད་སི་ནང་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཕྱིས་ཚེས་༡༤་ཉིན་སུད་སི་ཇི་ནེ་ཝ་རའཚོག་འཆར་གྱི་རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་གི་གནས་ཚུལ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ཆེད་ཕེབས་གནང་བཞིན་པ་དང་། ༡༦ ཉིན་སུད་སི་བོད་རིགས་མི་མང་ལ་བཀའ་སློབ་སོགས་གནང་རྒྱུའི་མཛད་རིམ་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སམས་རགས།