དཔལ་ལྡན་སྲིད་སྐྱོང་མཆོག་བྷེལ་ཇེམ་དུ་ཆིབས་ཐོན་གནང་།

དེ་ཡང་དེ་རིང་ཟླ་བ་ ༠༡ ཚེས་ ༢༡ ཉིན་ཚོུད་ ༡༣།༠༠ ཐོག་སུད་སི་རྒྱལ་ས་འཛུ་རིག་གནམ་ཐང་ནས་ཐེངས་འདིའི་ཡུ་རོབ་གཞུང་འབྲེལ་ཕྱོགས་སྐྱོད་དང་པོའི་ཆེད་བྷེལ་ཇམ་དུ་ཆིབས་ཐོན་གནང་ཡོད་པ་དང་། སྐབས་དེར་ས་གནས་སྐུ་ཚབ་དོན་གཅོད་མཆོག་དང་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱི་དབུས་མི་མང་གང་མང་ཞིག་འདུ་འཛོམས་ཐོག་ཕེབས་སྐྱེལ་གཟབ་རྒྱས་ཞུས་སོང་བ་དང་།དཔལ་ལྡན་སྲིད་སྐྱོང་མཆོག་བྷེལ་ཇམ་དང་ཕ་རེན་སི་བཅས་རྒྱལ་ཁབ་ཁག་གཉིས་སུ་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་རྗེས་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་སྔ་དྲོའི་ཚོུད་ ༠༨།༢༠ ཐོག་བསྐྱར་དུ་སུད་སིར་ཆིབས་བསྒྱུར་གནང་རྒྱུ་དང་།  དེའི་ཉིན་བྷུས་ལག་གྲོག་སྡེའི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་དང་མཇལ་འཕྲད། དེ་རྗེས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་གསོལ་སྟོན་འདེགས་འབུལ། དེ་ནས་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་བཀའ་སློབ་བཅས་མཛད་རིམ་རྒྱས་པ་ཞིག་གནང་གཏན་འཁེལ་ཡོད།
གསར་འགོད་པ།བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སམས་རགས།