དཔལ་ལྡན་ཆོས་རིག་ལས་ཁུངས་ནས་བཀའ་ཁྱབ་ཕེབས་དོན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་།

༈   ༸དཔལ་ལྡན་ཆོས་རིག་ལས་ཁུངས་ནས་བཀའ་ཁྱབ་ཕེབས་དོན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་།  ཐུགས་བཞེད་འབད་མེད་ལྷུན་གྱི་འགྲུབ་པའི་བསྟན་སྲིད་ཞབས་རིམ་སྨིན་སྒྲུབ་ཞུས་པ། ས་གནས་ར་པརསེ་ཝིལ་ཡོ་ན་དང།  རུ་ཏི་ཚོགས་ཆུང་མི་མང་ནས་རང་དོན་རང་གཅེས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་།  ཐུགས་ཀྱི་བཞེད་དོན་ལྷུན་གྱི་ནས་ཞི་བྱེས་མཉམ་འཛོམས་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བ་བཅས་བསྟན་སྲིད་ཞབས་རིམ་སྨིན་སྒྲུབ་ཞུས་པའི་སྒྲུབ་ཐོ་གཤམ་གསལ།

༡༽  སྐྱབས་སེམས་སངས་རྒྱས་ཆོས་ཚོགས་མ་གྲངས།  ༩༢༩༤༣༥
༢༽  བླ་མའི་རྣལ་འབྱོར་གྲངས། ༣༣༧༥
༣༽  འཕགས་བསྟོད་གྲངས། ༡༡༡༧
༤༽  ཚེ་མདོ་གྲངས། ༣༢༥༥༨
༥༽ ཚེ་གཟུངས་གྲངས། ༦༣༧༦༥
༦༽  གུ་རུའི་ཚིག་བདུན་གསོལ་འདེབས་གྲངས། ༢༠༦༨༧
༧༽  གུ་རུའི་གཟུངས་སྔགས་གྲངས། ༡༨༥༧༩༥
༨༽   གཟུངས་སྔགས་ཡིག་དྲུག་གྲངས། ༧༨༠༡༤༣
༩༽   སྨོན་ལམ་ལུག་པའི་རྒྱལ་བའི་བསྟན་པ་གྲངས།  ༡༢༦༤༨   

བཅས་ཚོགས་ཆུང་གཉིས་ཀྱི་མི་མང་མཉམ་འཛོམས་དང་སྒེར་སོ་སོས་གྲངས་གསོག་གནད་སྨིན་ཞུས་པ་བཅས་ཕྱོགས་བསྡོམས་འབུལ་ལམ་ཞུས་པ་ལགས་སོ།  ས་གནས་མི་འཐུས་ཟུང་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སམས་རགས།