དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པའི་འདྲ་པར་དང་གནས་བསྡུས།

༄༅། གངས་ལྗོངས་༸རྒྱལ་བསྟན་ཡོངས་ཀྱི་བདག་ཉིད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དོན་གྱི་སླད་དུ་མཚན་ཡོངས་སུ་སྨྲོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནས་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ཚེས་ ༡༠ བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ། སྔོན་འགྲོའི་གསུང་ཆོས། ཚེ་དབང་། བརྟན་བཞུགས་བསྟར་འབུལ་སོགས་ཀྱི་སྐབས་ཆེད་དུ་གཉེར་བའི་གདུལ་བྱ་གཙོ་བོད་གངས་ཅན་ལྗོངས་ནས་རྒྱ་དམར་གྱི་དྲག་གནོན་ཉེན་ཚབས་སོགས་དང་ལམ་བར་གྱི་ངལ་གྲོན་དཀའ་རྡུག་གང་ལ་ལྟོས་མེད་ཁྱད་བསད་བྱས་ནས་འབྱོར་བའི་སྐྱ་སེར་རྒན་གཞོན་ཆིག་ཁྲི་བརྒལ་བ་རྣམས་དང་། དེ་བཞིན་འབུམ་ཕྲག་མང་པོ་ཞིག་ནི་ལུས་པོ་རང་ཡུལ་དུ་ཡོད་རུང་སེམས་འདི་གར་ཡོད་པ་བཅས་ལ་དམིགས་བསལ་ཐུགས་སྨོན་རྗེས་སུ་འཛིན་པའི་དབུགས་དབྱུང་བཀའ་སློབ་ཟབ་མོ་བསྩལ།ཐེངས་འདིའི་དུས་དབང་སྐབས་ཀྱི་མི་འབོར་སྐོར་ངེས་རྙེད་ཐུབ་པ་ཞིག་ཤིན་ཏུ་དཀའ་བའི་གནས་ཡིན། འོན་ཀྱང་རོབ་རྩིས་ཚོད་དཔགས་བྱས་ན་འབུམ་བཞི་མ་ཟིན་ཙམ་ཡོད་ངེས་སྙམས། རྒྱུ་མཚན་ནི། བོད་ནས་ཕེབས་འབྱོར་ཁྲི་ཚོ་བརྒལ་བ་རྣམས་དང་། ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་རིགས། རྒྱ་ནག་དང་ཐཱ་ཝན་སོགས་རྒྱ་མི་རིགས། དེ་བཞིན་འཛམ་གླིང་ཡུལ་གྲུ་དྲུག་ཅུ་རེ་གྲངས་ཡོད་པའི་མི་རིགས་མིང་གཞུང་དེབ་སྐྱེལ་བྱས་པར་གོ་ཐོས་ལྟར་ན་གསུམ་འབུམ་ལ་ཉེ་བ་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་མཛད་འཕྲིན་ལས་མི་ཚོགས་ཆེན་པོ་འདི་ཙམ་ཡོད་ནའང་ཁ་ཆག་སྣ་རལ་སོགས་བཀྲ་མ་ཤིས་པའི་རིགས་སྦྲང་སྐད་ཙམ་གོ་རྒྱུ་མེད་པར་འཇམ་ཐིང་ངང་གནས་ཐུབ་པ་དང་། ༸གོང་ས་མཆོག་སྐུའི་གཟིགས་མདངས་རྒྱས་ལ་ཐུགས་དགྱེས་མཉེས་ཤིན་ཏུ་ཆེན་པོ་ཡོད་པ་བཅས་ལྷ་སྡེ་མི་སྡེ་ཡོངས་རྫོགས་དགའ་སྤོབས་སྐྱེ་འོས་པའི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན།། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།