དཔའ་བོ་སྟག་སྣ་འཇིག་མེད་བཟང་པོ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༥ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་རི་ཀོན་ཆོས་འཁོར་དགོན་དུ་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ བར་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིག་མེད་བཟང་པོ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་མཛད་སྒོ་དབུ་བཙུགས་གནང་རྗེས་རི་ཀོན་དགོན་གྱི་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་རྣམས་དང་མི་མང་ ༩༠ ཡས་མས་ལྷན་འཛོམས་ཀྱིས་འདས་པོ་ཁོང་གི་ཆེད་དུ་རྗེས་དྲན་དང་སྨོན་ལམ་དབུ་འཛུག་གནང།

བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་འབུལ་རྗེས་སྟག་སྣ་འཇིག་མེད་བཟང་པོ་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་སྐར་མ་གཅིག་ཞུས།

ཡོ་རོབ་སྤྱི་འཐུས་སྐུ་ངོ་བཀྲས་མཐོང་དབང་པོ་ལགས་ནས་གསུང་བཤད་གནང་དོནདེ་རིང་སྟག་སྣ་འཇིག་མེད་བཟང་པོ་ལགས་ཀྱི་ཆེད་དུ་མཆོད་འབུལ་བཅར་་མཁན་རྣམས་སུ་མཚམས་འདྲི་དང་ཁོང་གི་རེ་འདུན་ལ་སྟག་སྣ་འཇིག་མེད་བཟང་པོའི་དྲན་རྟེན་གྱི་ཉིན་མོ་ཞིག་འཛུགས་ཐུབ་ན་བསམ་པ་རེད་ཞིབ་ཕྲ་ཁོང་གི་ལོ་རྒྱུས་ཚང་མས་མཁྱེན་གསལ་རེད་དེ་རིང་འདིར་ཞུ་གི་མིན་དམིགས་གསལ་དོ་སྣང་གང་བྱུང་བསམ་ན་ཉེ་ཆར་ངོ་དེབ་ནང་ཕུན་ཚོགས་ཉི་སྒྲོན་ལགས་དང་ཁོང་གཉིས་ལྷན་བཞུགས་ཀྱིས་བཀའ་མོལ་གནང་བའི་བརྙན་ཐུང་གཅིག་མཇལ་བྱུང་ཁོང་གིས་གང་གསུང་གི་འདུག་ཞུས་པ་ཡིན་ན་ངའི་ལྟ་བ་དེ་རང་བཙན་ཡིན་མི་ཟེར་མཁན་དེ་མི་ཡིན་ཟེར་གྱི་རེད་མ་གཏོགས་ཁྱི་ཡིན་ལབ་ཀྱི་མ་རེད་བོད་དེ་སྔོན་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་དུས་ངོས་ནས་ཀྱང་རང་བཙན་བསམ་སྡད་ཡོད་།བརྟན་པོ་ཐོག་ནས་གསུང་སོང་།ཁོ་རང་འཁྲུངས་ལོ་༡༩༢༦ཡིན་དུས་དེའི་སྐབས༧གོང་ས་སྐུ་ཕྲེང་་༡༣པ་བཞུགས་ཡོད་རེད་བོད་ཀྱི་གནས་སྟངས་གྲལ་རྒྱས་ཐག་ཆོད་ཡོད་རེད་༡༩༡༡དང་༡༩༡༢རྗེས་སུ་རྒྱ་མིསབོད་ནང་བཙན་འཛུལ་བྱས་སྐབས་ཆོལ་ཁ་གསུམ་ནས་མཉམ་རུབ་བྱས་སྟེ་རྒྱ་མི་འབུད་ཐུབ་པ་བྱུང་ཡོད་རེད་དེའི་སྐབས་སྟག་སྣ་འཇིག་མེད་བཟང་པོའི་པོ་པོ་འམ་ཁུ་བོ་གང་རུང་སྐུ་མཆེད་སྟག་སྣ་སྡེ་དཔོན་ཟེར་བ་གཅིག་དེའི་ཁུང་ནང་ཡོད་འདུག་དེའི་སྐབས་ཀྱི་མི་ཐོག་བོད་རྒྱལ་ཁབས་འདི་ལ་ཉམས་མྱོང་ཕུན་སུན་མ་ཚོགས་པ་བྱུང་བ་མ་ཟད་དམིགས་གསལ་བོད་རྒྱལ་ཁབས་འདི་སྐྱོང་ན་སྐྱོང་ཡ་འདུག་བསམ་པའི་ཚཽར་བ་ཤུགས་ཆེན་སླེབས་ཡོད་པ་འདྲ།ལྷག་པར་ནང་མི་རྣམས་ལ་དེའི་སྐབས་འདི་དང་འདི་བྱུང་བ་རེད་ཅེས་ཚོར་བ་ཤུགས་ཆེན་སྟོན་གྱི་ཡོད་པའི་རྣམས་པ་འདུག།ཞ་སྒབས་པས་མཛད་པའི་རྒྱལ་རབ་ནང་གཟིགས་ན་མཁྱེན་གྱི་རེད་ང་ཚོའི་བོད་ཀྱི་གནས་སྟང་འདི་འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཟད་པར་བོད་འདི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཅིག་ཡོད་པ་འདས་པོ་ཉམས་མྱོང་བསགས་སྟེ་མི་ལོ་༣༧བཙོན་ཁང་དུ་བཞུགས་ཡོད་པ་རེད་ཁོང་ལྟ་བུ་དྲན་གསོ་དགོས་གལ་ཆེ་བས་ཕྱག་རོགས་ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་ལྷན་བཀའ་མོལ་ཞུས་སྟེ་གྲོས་ཚོགས་སུ་གྲོས་འཆར་འདོན་གྱི་ཡིན་གསུངས།

སྐུ་ངོ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་སུད་སི་ནང་འདས་པོ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཡང་གསུང་གནང་།

སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་ནས་སྟག་སྣ་འཇིག་མེད་བཟང་པོའི་མི་ཚེའི་ལོ་རྒྱུས་སྤྱིར་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི། ཕྱི་ལོ་ ༡༩༢༩ ཟླ་ ༩ ཚེས་ཤར་ཏེ་བོད་ས་སྦྲུལ་ཟླ་བ་བདུན་པའི་ཚེ་ཤར་ཉིན་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་ཞིག་འགོ་བཙུགས་ཤིང་། ལྷ་སའི་སློབ་གྲྭ་ཆུང་བ་ཁག་གཉིས་དང་། ལྷ་སའི་རིག་གཞུང་ཁྲུའུ་ཡི་ལས་བྱེད་རྣམས་འཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པའི་བསམ་འཆར་ཤོད་པའི་སྐབས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་དང་ཐེར་འདོན་བྱ་རྒྱུར་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་འཛིན་ཏེ། ཏང་ནང་ཁུལ་གྲོས་བསྡུར་བྱས་རྗེས་སློབ་གྲྭ་གསུམ་དང་རིག་གཞུང་ཁྲུའུ་ཡི་ཁོངས་གཏོགས་ལས་བྱེད་འཛོམས་པའི་ཚོགས་འདུར་ཁོང་ལ་སྐྱོན་བརྗོད་བྱས་པའི་ཐོག་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་། དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་བས་བཙོན་འཇུག་ལོ་གསུམ་བྱས།

ཕྱི་ལོ་༡༩༧༠ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་བཟོས་རྗེས་ཕྱི་ལོ་༡༩༨༠ཟླ་༣ཚེས་༩ལ་བཙོན་གྲོལ་ཐོབ།ཕྱི་ལོ་༡༩༨༣ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས།ཡང་ཕྱི་ལོ་༡༩༨༨ལོར་བཙོན་ཁང་ནས་བོད་རང་བཙན་གྱི་སྐད་འབོད་གནང་བའི་རྐྱེན་ཉེས་ཁྲིམས་ལོ་ལྔ་སྤར་བ་དང་།ཕྱི་ལོ་༡༩༩༢ལོར་སུད་སིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ལྔ་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་དུ་ཕེབས་སྐབས་སྐད་འབོད་གནང་བར་བརྟེན།དུས་བཀག་བཙོན་འཇུག་ལོ་བརྒྱད་སྤར་བ་བཅས་ཁྱོན་བསྡོམས་མི་ལོ་ཧྲིལ་པོ་སོ་གཉིས་རིང་རྒྱའི་བཙོན་དུ་བཞུགས་དགོས་བྱུང་བས་བཙོན་དུ་བཞུགས་རྒྱུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པ་ཞིག་ཡིན་འདུག་པ་བཅས།

གསར་འགོད་པ་ཝང་དཀར་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།