དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱི་ཞལ་ཆེམས་ཡིག་ཆ།

༄ཉེ་འཆར་སུད་སིའི་ནང་རྒྱལ་གཅེས་དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཞུམ་མེད་བློས་གཏོང་གནང་བཞིན་ཞལ་ཆེམས་ཡིག་ཆ་ཞིག་བཞག་ཡོད་ན་ཡང་དཔའ་བོ་ཁོང་གི་ཞལ་ཆེམས་ཡི་གི་ཨ་མ་དེ་དེའི་སྐབས་ལུ་རྫན་ས་གནས་ཉེས་རྟོག་པའི་སྟངས་འཛིན་འོག་ཡོད་སྟབས་སུད་སི་དང་ལིག་ཏེན་སིཌན་བོད་རིགས་མི་མང་ཚོགས་པས་ཐབ་ཤེས་གང་ཡོད་བྱས་ཀྱང་ད་ལྟ་བར་དཔའ་བོ་ཁོང་གི་ཞལ་ཆེམས་ཀྱི་དཔར་བཤུས་ཙམ་མ་གཏོགས་ཡི་གེ་ངོ་མ་གཏན་ནས་ལག་སོན་བྱུང་མེད་  དེ་རིང་ཕྱི་ཟླ་༢ ཚེས་༡༠ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་༡༤:༠༠ ཐོག་སུད་སི་དང་ལིག་ཏེན་སིཌན་བོད་རིགས་མི་མང་མངའ་ཁོངས་སུ་ཡོད་པའི་ལུ་རྫན་ཚོགས་ཆུང་གི་འཐུས་མི་བསྟན་འཛིན་ཚེ་རིང་འཐུས་ཚབ་བཀྲིས་ལྷ་འཛོམས་དངུལ་གཉེར་མཁའ་འགྲོ་ལགས་དང་དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱི་སྤུན་བློ་བཟང་དཔའ་ལྡན་ལགས་བཅས་མཉམ་འཛོམས་ཀྱིས་ལུ་རྫན་ས་གནས་རོ་ཐན་སྦུག་ཉེན་རྟོག་ལས་ཁུངས་ནས་དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱི་ཞལ་ཆེམས་ཡིག་ཆ་ཨ་མ་དེ་ཉེས་རྟོག་པ་ཧེར་ཨེ་མ་ནེ་གར་མཆོག་གི་ (Hr. Emmeneger) དྲུང་ནས་རྩིས་ལེན་ཞུས་སོང།
ས་གནས་འཐུས་མི་བསྟན་ཚེ་ལགས་ནས་ཞུ་དོན་དེ་རིང་འདིར་སུད་སི་དང་ལིག་ཏེན་སིཌན་བོད་རིགས་མི་མང་ཚོགས་གཙོ་སྦྲེལ་གཞོན་རྣམས་གཉིས་འབྱུང་འགྱུར་སུམ་བཅུའི་དུས་དྲན་གྱི་ལས་དོན་རྐྱེན་པས་ད་རེས་འདིར་བཅར་མི་ཐུབ་པ་དང་ཚོགས་གཙོ་སྙིང་པོ་ལགས་ཀྱི་ལམ་སྟོན་འོག་ས་གནས་རྒྱུན་ལས་གསུམ་དེ་རིང་འདིར་དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱི་སྤུན་བློ་བཟང་དཔལ་ལྡན་ལགས་དང་མཉམ་དུ་བཅར་རྒྱུའི་གོ་སྐབས་བྱུང་སོང་ཞེས་འགྲེལ་བརྗོད་ཞུས་སོང།གུས་གསར་འགོད་པ་བཀྲིས་རྣམ་རྒྱལ་ནས་ཟླ་ཚེས་བཟང་པོར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སམས་རགས།