དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་སྐད་འབོད་གནང་བ།

༢༠༡༢ ཟླ་ ༢ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་སུ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རང་ལོ་ ༢༡ ཡིན་པའི་བོད་མི་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། ཞེས་སྐར་མ་ཁ་ཤས་རིང་སྐད་འབོད་ཁྲོམ་སྐོར་བྱེད་སྐབས། ཉེ་འཁོར་དུ་ཡོད་པའི་དམག་མིས་གློག་རྒྱུགས་དང་མེ་མདའ་སོགས་ལག་ཆ་འདྲ་མིན་བེད་སྤྱོད་ཀྱིས་གཅར་རྡུང་དྲག་པོ་བཏང་རྗེས་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྐབས་དེར་ཉེན་རྟོག་པས་བཀྲ་ཤིས་དཔལ་ལྡན་ལགས་སུ་གཅར་རྡུང་བཏང་བར་ལྟ་བཞིན་པའི་བོད་མི་ཚོང་པ་ཞིག་གི་སྐེ་ལ་བཏགས་ཡོད་པའི་བྱུ་རུ་དང་ལག་གི་ཕྲེང་བ་སོགས་འཕྲོག་པ་དང་། གཅར་རྡུང་བཏང་སྟེ་དྲན་པ་འཐོར་རྗེས་བཙན་འཁྲིད་བྱས་ཡོད་འདུགཐེངས་འདིའི་གནས་ཚུལ་འདི་མ་བྱུང་བའི་སྔོན་དུ་ཁམས་དཀར་མཛེས་རྫོང་གི་ས་གནས་གང་སར་བོད་རང་བཙན་དང་འབྲེལ་བའི་སྦྱར་ཡིག་མང་དག་ཅིག་བཀྲམ་ཡོད་པ་མ་ཟད། གངས་ལྗོངས་བོད་མི་གསུམ་གྱིས་བོད་བསྟན་སྲིད་དང་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པའི་སྦྱར་ཡིག་ཆེན་པོ་ཞིག་ཉེན་རྟོག་ལས་ཁང་གི་སྒོ་འགྲམ་སོགས་སུ་སྦྱར་བའི་གནས་ཚུལ་བྱུང་ཡོད་སྟབས། རྒྱ་ནག་གཞུང་ནས་ཁམས་དཀར་མཛེས་ཁུལ་དུ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་སྔར་ལས་ལྷག་པའི་དམ་བསྒྲགས་ཁྲོད་གནས་ཡོད་འདུགབཀྲ་ཤིས་དཔལ་ལྡན་ལགས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོག་རྩེ་ཞང་ཨ་རུ་ར་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསྟན་པ་ཉི་མ་དང་མ་མིང་ལ་ཚེ་རིང་གཡང་མཚོ་བརྗོད་ཀྱི་ཡོད། ཁོང་ནི་ཆུང་དུས་སྐྱབས་མགོན་སློབ་གྲྭར་བསྐྱོད་མྱོང་ཞིང་དེ་ནས་སློབ་མཐར་མ་ཕྱིན་གོང་སྐྱེས་མར་རོགས་རམ་བྱས་ཏེ་ཁྱིམ་དུ་བསྡད་ཡོད་འདུག ཁོང་ནི་མ་གཅིག་བུ་གཅིག་ཡིན་པས་ད་ལྟ་ཁོང་གི་ཁྱིམ་དུ་ཨ་མ་གཅིག་པུ་ལུས་འདུག ཁོང་འཛིན་བཟུང་བྱས་རྗེས་ནང་མི་གཉེན་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།