ཆོས་རིག་བཀའ་བློན་མཆོག་ཕྱིར་ཕེབས་གནང་བ།

དེ་ཡང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ པའི་ཕྱི་ལོ་ ༢༠༡༤ འདི་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་ ༡༤  པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་བཀོད་ཁྱབ་གནང་བས་དགོངས་དོན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་འཐུས་སྐབས་བཅོ་ལྔ་པའི་བོད་རྒྱལ་ལོ་  ༢༡༤༡  སྨིན་ཟླའི་ཚེས་  ༢༢   ཕྱི་ལོ་  ༢༠༡༤   ཟླ་  ༡༢   ཚེས་  ༡༣  རེས་གཟའ་སྤེན་པའི་ཉིན་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་དབུ་ཁྲིད།  འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་   ༢༥ འཁོར་བའི་སྐལ་བཟང་གི་དུས་དྲན་གཟབ་རྒྱས་ཞུ་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུ་མགྲོན་འབོད་ཕུལ་བ་བཞིན་དཔལ་ལྡན་ཆོས་རིག་༸བཀའ་བློན་མི་རྗེ་སྐོུ་པདྨ་ཆོས་འབྱོར་མཆོག་ཕྱི་ཚེས་  ༡༡  ཉིན་ཁུལ་འདིར་ཞབས་སོར་འཁོད་པ་དང་།  ཕྱི་ཚེས་  ༡༣  རེས་གཟའ་སྤེན་པའི་ཉིན་མཛད་སྒོའི་ཐོག་ཆེད་ཕེབས་ཀྱིས་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་སྲིད་ཇུས་ལྟར་བླང་དོར་བྱེད་སྒོའི་བཀའ་སློབ་ལམ་སྟོན་གཟབ་རྒྱས་གནང་སོང་བ་བཅས་ད་རིང་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་ལས་བྱ་ཟླ་བ་ཚུལ་ཁྲིམས་ལགས།  སྤྱི་ཟུར་གསང་གླིང་ཚེ་རྡོར་ལགས་དང་།  ཆོས་རྒྱལ་བསྟན་འཛིན་ལགས།  གང་གཞོན་ཚང་ངག་དབང་ལགས།  མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།  ཚོགས་གཞོན་བསམ་པ་ལགས་སོགས་ས་འཐུས་ཁག་ཅིག་དང་།  དེ་མིན་བོད་རིགས་ཁག་ཅིག་གིས་ཕེབས་སྐྱེལ་གཟབ་རྒྱས་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་ཕྱིར་ཕེབས་མཛད་སོང་བའི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་རྒྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སམས་རགས།