ཆོལ་གསུམ་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་སྐབས་བཞི་བ།
ཟླ་འདིའི་ནང་ཁམས་ཡུལ་ཤུལ་ནང་ཆེན་ཕ་སྐད་གཅེས་སྐྱོང་ཚོགས་པའི་ངོས་ནས། སྐབས་བཞི་བའི་ཆོལ་གསུམ་རིས་མེད་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་བསྡུས་ཤིང། ཨང་རིམ་ལྟར་ཨང་དང་པོར་རླངས་འཁོར་དང་། ཨང་གཉིས་པར་འཕྲུལ་རྟ་སོགས་ཀྱི་གཟེངས་རྟགས་སྤྲད་དེ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག
འབྲེལ་ཡོད་མི་སྣར་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ལས་འགུལ་ནང་སྐྱ་སེར་རིས་མེད་ཞུགས་ཆོག་གི་ཡོད་ཀྱང་། ཐེངས་འདིའི་རྒྱུགས་སྤྲོད་ཀྱི་བྱ་དགའ་རག་མཁན་མང་ཆེ་ཤོས་མི་སྐྱ་ཡིན་པ་དང་། མ་འོངས་པར་གཞི་རིམ་དང་། སློབ་གྲྭ དགོན་སྡེ་ཁག་ནང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་འགལ་བའི་ཐོག་ནས་ལས་འགུལ་མུ་མཐུད་སྤེལ་རྩིས་ཡོད་པ་རེད། ཅེས་སོགས་གསུང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།