ཆོ་འཕྲུལ་དུས་ཆེན་སྲུང་བརྩི།

ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༡༦ བོད་ཟླ་དང་པོའི་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་མོ་དང་སྟབས་བསྟུན་ས་གནས་རི་ཀོན་ཚོགས་ཆུང་ནས་གོ་སྒྲིག་ཞུས་པ་ལྟར་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་རྣམ་པ། སྤྱི་ཟུར་རྣམ་པ། བོད་རིགས་མི་མང་ཚོགས་གཞོན་དང་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག  ས་འཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་མཆོད་འབུལ་བྱེད་དགོས་པའི་རྒྱུ་མཚན་མདོར་ཙམ་ཞུས། ད་རིང་ཞོགས་པ་ཚོུད་ ༡༡་༣༠ ཐོག་ཀི་རྟི་དགོན་པ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་འདུག་པས་ཁོང་གི་ཆེད་བསྔོ་སྨོན་དང་། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་འཚོ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།  རླབས་ཆེན་ཐུགས་བཞེད་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་ཞབས་རིམ་གསུང་།  དེ་རྗེས་མཁན་རིན་པོ་ཆེ་མཆོག་ནས་ཆོ་འཕྲུལ་དུས་ཆེན་སྐོར་འགྲེལ་བཤད་གནང་སོང་། བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ཕུལ་བྱུང་སྤུན་ཟླ་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གང་ལེགས་བྱུང་སོང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་རི་ཀོན་ས་འཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 3 སམས་རགས།