གྲོང་ཁྱེར་ཛུ་རིག་གི་རོལ་དབྱངས་དགའ་སྤྲོའི་ཁྲོམ་སྐོར་ Zürich street parade དང་བོད་དོན་དྲིལ་བསྒྲགས།

༄༅། །གཞས་དང་རོལ་སྣ་ལ་དབྱིངས་དང་། དགའ་མོས་ཡོད་མཁན་ཚོའི་འདུ་འཛོམས་ཆེད་ལོ་ལྟར་སུ་སིའི་གྲོང་ཁྱེར་ཛུ་རིག་ནང་རོལ་དབྱངས་དགའ་སྤྲོའི་ཁྲོམ་སྐོར་ Zürich street parade ཞེས་པ་ཞིག་གོ་སྒྲིག་བྱེད་སྲོལ་ཡོད། འདི་ལོ་ ༢༠༡༢ ཟླ་བ་༨ ཚེས་ ༡༡ རོལ་དབྱངས་ཁྲོམ་སྐོར་ཉིན་འཛམ་གླིང་ཡུལ་གྲུ་གང་ས་ནས་མི་འབོར་ཁྱོིན་བསྡོམས་ ས་ཡ་གཅིག་ཙམ་མཉམ་ཞུགས་བྱས་ཡོད་ཚུལ་དང་། རོལ་དབྱངས་ཁྲོམ་སྐོར་དེའི་ནང་མཉམ་ཞུགས་བྱེད་མི་མང་ཆེ་བ་གཞོན་སྐྱེས་གླུ་གཞས་དང་། རོལ་མོ་སོགས་ལ་དབྱིངས་དང་དོ་སྣང་ཡོད་མཁན་ཤ་སྟག་རེད། འདི་ལོ་རོལ་དབྱངས་གོ་སྒྲིག་པ་ཚོས་རྒྱ་ནག་ནས་རོལ་དབྱངས་པ་ཁ་ཤས་མགྲོན་འབོད་འདུག་པས། བོད་རིགས་གཞོན་ནུ་བཅུ་ཕྲག་ཁ་ཤས་ཀྱིས་དང་བླང་ཐོག་གོ་སྐབས་དེ་ཟིན་ནས། རོལ་དབྱངས་ཁྲོམ་སྐོར་ནང་མཉམ་ཞུགས་ཀྱིས་བོད་ཀྱི་རྒྱལ་དར་དང་། ལག་ཏུ་སྦྱར་ཡིག་སོགས་བསྣམས་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་རོལ་དབྱངས་ནང་མཉམ་ཞུགས་བྱས་ཡོད།

སྤྱིར་རོལ་དབྱངས་ཁྲོམ་སྐོར་དེ་ནི། ཡུ་རོབ་ནང་གཞོན་སྐྱེས་ཚོས་གོ་སྐབས་གལ་ཆེན་ཞིག་ལ་བརྩིས་པ་མ་ཟད། དགའ་མོས་ཆེན་པོ་དང་། དེ་ནི་དགའ་སྐྱིད་སྟེར་བའི་ཁྲོམ་སྐོར་གྱི་ཉིན་མོ་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། འོན་ཀྱང་། བོད་རིགས་གཞོན་སྐྱེས་ཚོ་མཉམ་ཞུགས་བྱ་དོན་ནི། དེ་ནི་དགའ་སྐྱིད་སྟེར་བའི་ཉིན་མོ་ཞིག་ལ་མ་གཟིགས་ནས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་ཉེ་བའི་ཆར་བོད་ནང་རང་ལུས་མེར་བསྲེགས་ཕོན་ཆེ་བྱུང་བའི་བློ་ཕམ་དང་། ཡིད་སྐྱོ་བའི་གནས་ཚུལ་རྣམས་ཡིད་ལ་བརྣག་ནས་བོད་རིགས་གཞོན་སྐྱེས་ཚོས་རོལ་དབྱངས་ནང་མཉམ་ཞུགས་ཀྱིས་ལས་འགུལ་དེ་སྤེལ་བ་ཞིག་རེད། ལམ་གཞུང་དུ་རྒྱ་མིའི་རོལ་དབྱངས་གཞས་སྣ་ཁྲབ་སྟོན་པའི་མོ་ཊ་འབྱོར་མ་ཐག བོད་རིགས་གཞོན་སྐྱེས་ཚོས་རྒྱ་མིའི་རོལ་དབྱངས་པའི་ཁྲོད་མཉམ་ཞུགས་ཀྱིས། ཁོང་ཚོའི་མོ་ཊ་དང་མཉམ་དུ་གོམ་བགྲོད་ཀྱིས་བོད་ཀྱི་རྒྱལ་དང་འཕྱར་བ་དང་། བོད་ནང་དཀའ་སྡུག་ཡོད་པ། རྒྱ་མིའི་དགྲ་བོ་བོད་མི་མིན་པ་སོགས་ཀྱི་སྦྱར་ཡིག་མང་དག་ཅིག་ལག་ཏུ་ཐོག་ཡོད། རྒྱ་མིའི་རོལ་དབྱངས་པའི་དུས་ཡུན་ཆུ་ཚོད་གཅིག་ཙམ་ཡིན། རོལ་དབྱངས་ཁྲོམ་སྐོར་དེ་ནི་སུ་སིའི་གཟུགས་མཐོང་བརྙན་འཕྲིན་ཐོག་ཐད་ཀར་རྒྱང་སྲིང་ཞུས་ཡོད། ཁྱར་མཚར་བ་ཞིག་ལ། ད་བར་རྒྱ་མིས་བོད་ཐོག་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་སོགས་གསུངས་ནས་རང་ལུས་མེར་བསྲེགས་བཏང་མཁན་མང་དག་བྱུང་བའི་དོན་རྐྱེན་དང་། བོད་ནང་གི་ཛ་དྲག་གི་གནས་ཚུལ་རྣམས་སུ་སིའི་གསར་ཤོག་དང་། བརྙན་འཁྲིན་ཁག་ནང་མཐོང་རྒྱུ་དཀའ་ནའང་། ཁ་སང་རོལ་དབྱངས་ཁྲོམ་སྐོར་གྱིོ་དོན་རྐྱེན་དེས་རྐྱེན་པའི་བརྙན་འཕྲིན་ནང་བོད་དོན་གླེང་བ་དང་། སུ་སིའི་གསར་ཤོག་ཆེ་ཁག་ནང་བོད་སྐོར་བྲིས་ཡོད། སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་གྱིས།

http://www.youtube.com/watch?v=pGZfnAkZmlw

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།