གཞན་ལ་ཕན་པའི་བློ་དེ་སྔོན་དུ་བཏང་ནས་ལས་ཀ་བྱེད་དགོས་པ་རེད།

སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་ཞུ་བཞིན་པའི་འབུམ་ཚོགས་སྐབས་བཞི་བ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་ཐོག་དངོས་སུ་དབུ་འཛུགས་གནང་།

སིད་སིའི་ཝེ་ལྡནསི་ཝིལ་ས་གནས་ཚོགས་ཁང་Haageri མདུན་དུ་དེ་རིང་ཞོགས་པའི་ས་གནས་ཀྱི་དུས་ཚོད་༨ དང་ཕྱེད་ཀའི་ཐོག་རི་ཀོང་དགོན་གྱི་མཁན་རིན་པོ་ཆེ་དང་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཙོས་དགེ་འདུན་པ་རྣམ་པ་དང་། སྤྱི་ཟུར་ཁག་ཅིག ཚེས་བཅུ་ཚོགས་པའི་ཚོགས་མི་རྣམས་པ་དང་ས་གནས་ཁུལ་གྱི་དད་ལྡན་མི་མང་གང་མང་ཞིག་གིས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཚོགས་ཁང་དུ་ཕེབས་བསུ་ཞུས། 

སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཆོག་གིས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་གུས་མཚམས་དང་སྦྲགས་གུ་རུ་འབུམ་ཚོགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་། རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་རྣམ་མདོ་བསྡུས་ཤིག་མི་མང་ལ་ངོ་སྤྲོད་ཞུས།

བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མི་མང་ལ་བླང་དོར་གྱི་བཀའ་སློབ་གནང་དོན། ༼སློབ་དཔོན་རིན་པོ་ཆེ་བོད་ལ་བཀའ་དྲིན་ཡིན་པའི་སྐོར་ནས་སྒྲུང་ཞིག་དང་འབྲེལ་ནས་མི་མང་ལ་གསལ་བཤད་ཞུས། བོད་བཙན་བྱོལ་དུ་འབྱོར་རྗེས་སུ་གཙུག་ལག་ཁང་དུ་སློབ་དཔོན་མཆོག་གི་སྐུ་བརྙན་ཞིག་བཞེངས་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་གསུངས།༽ གཞན་ཡང་ཁོང་གིས་༼ང་ཚོ་ག་དུས་ཡིན་ཡང་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་སྙིང་ལ་བཅིངས་ནས་ལས་དོན་གང་ཡིན་པ་ལ་རང་གིས་འགན་ལེན་དགོས༽ ཁོང་གིས་བོད་པ་ཚོས་ཉིན་རེར་འཚོ་བའི་ཁྲོད་དུ་ཀུན་སློང་ཅི་ལྟ་བུ་ཞིག་འཁྱེར་དགོས་པའི་སྐོར་ལ་བཀའ་སློབ་གནང་དོན། ༼རང་ཉིད་འཚོ་བའི་ཆེད་དུ་ལས་ཀ་གང་དུ་བྱེད་ཀྱིན་ཡོད་ན་ཡང་བསམ་བློ་གཞན་ལ་ཕན་པའི་བློ་ཞིག་སྔོན་དུ་འགྲོ་ཐུབ་ན་ཕན་ཚུན་གཉིས་ཀར་ཕན་ཐོག་ཡོད་པ་རེད། ཆོས་ཟེར་ན་ཡང་དེ་རེད།༽ཟེར།

ཐེངས་འདིའི་འབུམ་ཚོགས་སུ་མི་མང་༤༠༠ ལྷག་ཚོགས་བཅར་གྱིས་ཉིན་གང་པོ་ཞལ་རིམ་བསྒྲུབས་སོང་ལ། མི་མིང་ཚོགས་པས་ངོས་ནས་ཉིན་གུང་དང་དགོང་མོའི་གསོལ་ཚིགས་སོགས་གང་ལེགས་བཀོད་སྒྲིག་ཞུས་འདུག
གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།