གནས་ཛུ་རིག་ཚོགས་ཆུང་ནས་སུད་སི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་བརྩམས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༣ ཉིན། ཛུ་རིག་ཚོགས་ཆུང་གི་རྒྱུན་ལས་རྣམ་པས་ཛུ་རིག་གྲོང་ཁྱེར་དབུས་ཀྱི་ Bahnhofstrasse ཁྲོམ་རའི་ལམ་གཞུང་དུ་ཡུལ་མི་དང་ཡུལ་འཁོར་སྤྲོ་འཆམ་པ་མང་པོ་ཚོགས་འཛོམས་ཆེ་བའི་སར། སུད་སི་རྒྱལ་ཁབ་ནས་ ༡༩༦༣ ལོར་བོད་མི་བཙན་བྱོལ་བ་ཆིག་སྟོང་ཐམ་པར་སུད་སི་ཡུལ་ལུང་ནང་གནས་སྡོད་ཆོག་པ་སོགས་རོགས་རམ་ཇི་སྙེད་ཅིག་གནང་བ་ནས་བཟུང་བོད་མི་བཙན་བྱོལ་བར་མུ་མཐུད་རོགས་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་བརྩམས། དེ་ཡང་མི་མང་འདུ་འཛོམས་ཆེ་བའི་སར་མི་མང་རྣམས་ལ་ལས་འགུལ་གྱི་ངོ་སྤྲོད་ཡིག་ཐོག་འཁོད་པའི་ཡིག་ཆུང་དང་བོད་ཀྱི་ཁ་ཟད་བྲོ་ཏོག་འབུལ་འགྲེམས་གནང་ཞིང་། དེར་འཛོམས་པའི་ཡུལ་མི་མང་དག་ཅིག་གིས་དེར་དགའ་སྤྲོའི་རྣམ་འགྱུར་སྟོན་པ་དང་དེར་རྗེས་སུ་ཡིད་རངས་ཞུ་མཁན་མང་དག་ཅིག་མངོན།

དུས་མཚུངས་འཐུས་མི་ཝང་དཀར་ཚེ་རིང་ལགས་དང་། བོད་སློབ་འགན་འཛིན་ནོར་འཛོམས་ལགས་གཉིས་ནས་སྔོན་ཚུད་ནས་དུས་ཚོད་ངེས་བསྒྲིགས་ཀྱིས་ཛུ་རིག་གྲོང་ཁྱེར་གྱི་སྤྱི་ཁྱབ་ལྕམ་ ཀོ་རིན་ མའུག་མཆོག་གི་ལས་ཁུངས་སུ་བཅར་ཏེ། སྤྱི་ཁྱབ་མཆོག་གི་དྲུང་ཡིག་ཆེན་མོར་ཐུགས་ཪྗེ་ལེགས་འབུལ་འཁོར་ལོ་རྟགས་ཅན་གྱི་དཔར་སྒྲོམ་དང་མཇལ་དར། ད་རེས་སུད་སི་གཞུང་མང་གཉིས་ལ་ཐུགས་ཪྗེ་ཆེ་ཞུ་རྒྱུའི་ལས་འགུལ་དེའི་འགྲེལ་བརྗོད་ཡིིིག་ཐོག་འཁོད་པ་བཅས་འབུལ་ལམ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སམས་རགས།