གདུང་སེམས་མཉམ་སྐྱེའི་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཞུས་པ།

༢༠༡༤ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཉི་མ་ཞོགས་པ་ཚོུད་ ༩་་༣༠  ནས་ཉི་གུང་བར་རི་ཀོན་ཆོས་འཁོར་དགོན་དུ་མི་གྲངས་ ༢༠༠ བརྒལ་བས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེའི་བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་ཞུས་ཡོད།  དེ་ཡང་ཐོག་མར་བོད་དྲུང་སྒོ་སྤེ་ཡོན་ཏན་གྱིས། ད་རིང་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་པ་བཞིན་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་མཁན་རིན་པོ་ཆེའི་དབུས་དགེ་འདུན་པ་རྣམ་པ་དང་།  བོད་མི་མང་སྤྱི་འཐུས་ཟུར་རྣམ་པ།  ཚོགས་གཙོ་བློ་བཟང་ལགས་དང་ཚོགས་གཞོན་བསམ་པ་ལགས་ཀྱི་དབུས་འཐུས་མི་རྣམ་པ།  ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ། དེ་བཞིན་མི་མང་ལྷན་རྒྱས་བཅས་ཚང་མར་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱི་མཚན་ཐོག་ནས་གུས་བཏུད་འཚམས་འདྲི་འདུ་ཞུ་རྒྱུ་ཡིན།  ཚང་མས་མཁྱེན་གསལ་རེད།  ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་དྲག་གནོན་དང་སྡུག་རྩུབ་ཀྱི་གནས་སྟངས་འོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ། སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། རང་བྱུང་ཁོར་ཡུག་ལ་གཏོར་བཤིག དཔལ་འབྱོར་དང་། མི་རིགས་དབྱེ་འབྱེད། མི་སེར་སྤེལ་ཡུལ་གྱི་གནས་སྟངས། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བདེན་པ་མིན་པའི་མཚན་སྨད་ཞུས་དང་ཞུ་མུས་ལ་མ་བཟོད་པར་ཞི་རྒོལ་གྱི་ལས་འགུལ་མུ་མཐུད་ཡོང་བཞིན་ཡོད།

 

བོད་མིའི་སྒྲིག་འཛུགས་བཀའ་སྤྱི་ལྷན་རྒྱས་བཅས་འབྲེལ་ཡོད་ཡོངས་ནས་རང་ལུས་མེར་སྲེག་གི་ལས་འགུལ་རིགས་མི་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ནའང་། རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་བྱུང་ཡོད།  ད་རེས་ང་ཚོ་འདིར་འཛོམས་དགོས་དོན་ནི།  ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༦ ཉིན་བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོའི་ཕ་དབང་ལོ་ལགས་དང་། མ་གཡུ་སྒྲོན་ལགས་གཉིས་ཀྱི་བུ་རང་ལོ་ ༣༤ ཡིན་པ་སངས་རྒྱས་མཁར་ལགས་ཀྱི་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཤང་གི་ཉེན་རྟོག་ལས་ཁང་གི་སྒོ་ཁར། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། རང་ལུས་མེར་སྲེག་གི་ཞི་རྒོལ་བྱུང་རྗེས་ཉེན་རྟོག་པ་མང་པོ་འཕྲལ་མར་འབྱོར་ཏེ་ས་གནས་སུ་དམ་བསྒྲགས་བྱེད་འགོ་བཙུགས་པ་མ་ཟད། རང་ལུས་མེར་སྲེག་བཏང་པའི་བོད་མི་སངས་རྒྱས་མཁར་ལགས་ཀྱི་ཕུང་པོ་བཙན་འཕྲོག་བྱས་ཏེ་དུས་ད་ལྟའང་ཕུང་པོ་ཚུར་རག་ཡོད་མེད་གནས་ཚུལ་གསལ་པོ་མེད།

༢༠༡༤/༡༢/༢༢  རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་པེ་སྐྱིད་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་ས་གནས་དེ་ག་རང་དུ་འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་མ་ཐག་ཉེན་རྟོག་པས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཁོ་མོ་ནི་འཆི་རྡོར་ཚང་གི་ཕ་འཆི་རྡོར་༼འཆི་མེད་རྡོ་རྗེ་༽དང་། མ་ཅེན་དཔའ་གཉིས་ལ་བུ་བུ་མོ་དྲུག་ཡོད་པའི་ནང་གི་བཞི་པ་དེ་ཡིན་ཞིང་།  ཆུང་ཆུང་སྐབས་ནས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མའི་མཉམ་དུ་འབྲོག་པའི་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་བ་ཞིག་དང་། ཀུན་གྱིས་བསྟོད་བསྔགས་བྱེད་སའི་གཞུང་དྲང་གཤིས་སྤྱོད་འཇམ་པའི་བུ་མོ་ཡ་རབས་ཤིག་ཡིན་འདུག  གནས་ཚུལ་ལ་གཞིགས་ན་བུ་མོའི་ཕ་འཆི་རྡོར་དང་མ་ཅེན་དཔའ། གཅེན་པོ་ཡི་མེ་བཅས་ཉེན་རྟོག་པས་བཙན་འཁྲིད་བཀག་ཉར་བྱས་ཡོད་པ་ཡིན་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་ཕ་ཚེ་དབང་རྡོ་རྗེ་ལགས་དང་། མ་བྱམས་པ་ལྷ་མོ་ལགས་ཀྱི་བུ་དགུང་ལོ་ ༣༢ ཙམ་ཡིན་པར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རིང་པོ་མ་སོང་བར་མེ་ལྕེ་ཆེན་པོའི་ཁྲོད་ས་ལ་འགྱེལ་ཡོད་པ་དང་། དེ་ནས་ས་གནས་བོད་མི་མང་པོ་འཛོམས་ནས་ཁོང་བདག་པོ་རྒྱག་ཐབས་བྱེད་སྐབས་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབྱོར་ནས་གནམ་ལ་མེ་མདའ་བརྒྱབ་ནས་བོད་མི་ཚོ་ཁ་འཐོར་བཏང་སྟེ་ཕུང་པོ་བཙན་འཁྱེར་བྱས་འདུག

 

ལྷར་པར་གནས་ཚུལ་འདི་རིགས་འཛམ་གླིང་ཡུལ་གྲུ་ཁག་ཏུ་དྲིལ་བསྒྲགས་མི་འགྲོ་བའི་ཆེད་དྲ་རྒྱ་སོགས་བཀག་འགོག་བྱས་ཏེ་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་དེ་རིང་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུ་བཞིན་ཡོད་ལ། འཐུས་ཚོགས་ཀྱི་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་སྐྱོ་བའི་ངང་དམ་པ་དེ་རྣམས་ཀྱི་རྗེས་ཤུལ་ནང་མིར་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་ཞུ་རྒྱུ་དང་། ཁོང་རྣམས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་ཚང་མས་ཐུགས་སྨོན་གནང་རྒྱུ་དང་།

ཕྱི་ལོ་ ༢༠༠༩//༢༧ ནས་ ༢༠༡༤/༡༢/༢༣ བར་རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ཤེས་རྟོགས་གསལ་ཁ་བྱུང་བའི་གྲངས་ ༡༣༥ པ་དེ་ཆགས་ཡོད། དེའི་ནང་འདས་གྲོངས་སུ་ཕྱིན་པའི་གྲངས་ ༡༡༦ དང་། མི་གྲངས་ ༡༩ ཙམ་འདས་གསོན་གནས་སྟངས་གསལ་ཁ་ཡོང་ཐུབ་ཀྱི་མེད།  དེ་བཞིན་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ཡོད་པ་དེ་དག་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་ནས་མྱུར་དུ་གྲོལ་བའི་ཐུགས་སྨོན་གནང་རྒྱུ་དང་།  དེ་དེ་བཞིན་གྱི་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཚང་མས་སྨོན་འདུན་ཤུགས་དྲག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་པ་ལ།  འཐུས་ཚོགས་ནས་བོད་རྒྱ་ཞི་མོལ་འབྱུང་ཐབས་ལས་འགུལ་སྤེལ་རྒྱུར་ནུས་ཤུགས་འདོན་བཞིན་ཡོད།  ཐུགས་རྗེ་ཆེ།  མུ་མཐུད་གསལ་བསྒྲགས་གནང་དོན།

 

གཤམ་གསལ་ཚེས་གྲངས་དུས་བཀག་ཞུས་པའི་ལས་འཆར་ཁག་ཅིག་གསལ་བསྒྲགས་ཞུ་རྒྱུར།

ཕྱི་ལོ་ ༢༠༡༤ ཟླ་ ༡༢  ཚེས་    ནས་ཚེས་  ༣༡  བར་འོས་བསྡུའི་དེབ་སྐྱེལ་ཟིན་པ་གནང་དགོས་པ་དང་། 

ཕྱི་ལོ་ ༢༠༡༥ ཟླ་    ཚེས་    འགྱང་མེད་འོས་བསྡུའི་ལས་ཁང་དུ་དེབ་འགོད་ཐོ་གཞུང་འབྱོར་བ་བྱ་དགོས། 

ཕྱི་ལོ་ ༢༠༡༥  ཟླ་    ཚེས་  ༡༡  ཉིན་སྐབས་བཅུ་དྲུག་པའི་ས་གནས་འཐུས་མི་ཉིན་བརྒྱ་དུས་གཅིག་ལ་མང་ཚོགས་ནས་འོས་འདེམས་གནང་རྒྱུ། 

ཕྱི་ལོ་ ༢༠༡༥ ཟླ་    ཚེས་  ༡༧  ཉིན་སྦ་སལ་ཚོགས་ཁང་དུ་ས་འཐུས་རྣམས་དང་།  དྭང་བླང་ཞུ་མི་སོགས་འབྲེལ་ཡོད་ཚང་མ་ཞོགས་པ་ཚོུད་ ༡༠  འདུ་འཛོམས་དང་བཅས་རང་རང་ལས་འགན་ལ་གཞིགས་པའི་ལམ་སྟོན་གསལ་བཤད་གནང་རྒྱུ་བཅས་གལ་འགངས་ཆེན་པོ་ཡིན།

ཕྱི་ལོ་ ༢༠༡༥ ཟླ་   ཚེས་    ༧གོང་ས་མཆོག་གི་གསུང་ཆོས་སོགས་བཀྲིན་ཆེ་རྒྱུ་མ་ཟད།  ཚེས་ ཉིན་བོད་རིགས་ཁེ་གཙང་ལ་མཇལ་ཁ་བཀའ་སློབ་བཀྲིན་ཆེ་རྒྱུ།  དེའི་ཕྱག་ཁྱེར་གསུང་ཆོས་ཕྱག་ཁྱེར་ཡོད་མིན་ལ་མ་ལྟོས་པར་མཇལ་ཁ་ཞུ་མི་ཚང་མས་བཞེས་དགོས་པ་བཅས་ཡིན།

ཕྱི་ལོ་ ༢༡༠༥ ཟླ་ ཚེས་ ༢༧ ཉིན་ཚོགས་ཆུང་སྦན།  སྦ་སལ།  འཇི་ནི་ཝ།  ལཱའོ་སན།  སོ་ལུ་ཐུན།  དེ་ཆི་ནོ་བཅས་ཚོགས་ཆུང་ཁག་དྲུག་གིས་འཇི་ནི་ཝར་བོད་རྒྱ་ཞི་མོལ་སྐོར་ལས་འགུལ་སྤེལ་རྒྱུ།

ཕྱི་ལོ་ ༢༠༡༥  ཟླ་    ཚེས་  ༡༠  ཉིན་ཛུས་རིག་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ།

ཕྱི་ལོ་ ༢༠༡༥  ཟླ་    ཚེས་  ༡༤  ཉིན་ཕྷརན་སི་རྒྱལ་ས་པེ་རི་སིར་ཡུ་རོབ་གནས་འཁོད་བོད་རིགས་ཡོངས་རྫོགས་མཉམ་འཛོམས་ཀྱིས་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་གཏན་དང་། 

ཕྱི་ལོ་ ༢༠༡༥  ཕྱི་ཟླ་    ཚེས་  ༢༡  ཉིན་སྐབས་བཅོ་ལྔ་པ་དང་བཅུ་དྲུག་པའི་འཐུས་ཚོགས་གསར་རྙིང་རྩིས་སྤྲོད་རྩིས་ལེན་ཞུ་རྒྱུ་ཐུགས་གཏན་འཁེལ་བ་བཞིན་ས་ཁུལ་ཁག་ནས་དེའི་ཐོག་ཐུགས་འཁུར་ཆེ་བཞེས་དགོས་པ་བཅས།

གསོལ་ཇ་བཞེས་བག་གནང་བའི་བར་སེང་སྐབས་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས།  འཚམས་འདྲི་དང་བཅས་བོད་དྲུང་ནས་གསལ་བཤད་གནང་དོན་ལྟར་དང་།  ཚང་མས་ཐུགས་སྨོན་ཤུགས་དྲག་གནང་དགོས་པ་མ་ཟད།  ཐོག་མར་རང་ལུས་མེར་སྲིག་གི་ལས་འགུལ་འགོ་འཛུགས་སྐབས་སེམས་འཚབ་ཆེན་པོ་བྱུང་ཡོད་ནའང།  ང་ཚོའི་ངོས་ནས་ད་མཚམས་གྲངས་ཀའི་ངོ་བོར་མི་འགྲོ་བའི་དགོངས་བཞེས་དགོས་པ་ཡིན། ཁོང་རྣམ་པའི་རེ་འདོད་མཐའ་དག་འགྲུབ་ཐུབ་པ་དང་།   བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་སོགས་གསུངས།  ཚོགས་གཞོན་བསམ་པ་ལགས་ནས་ཞལ་འདེབས་གནང་མི་རྣམས་ཀྱི་མཚན་གཞུང་སྒྲོག་སྦྱང་དང་སྦྲགས་བྱུང་སོང་གི་རྩིས་ཁྲ་གསལ་བཤད་ཞུས་སོང་ལ།  ད་རིང་གནམ་གཤིས་གྲང་ངར་ཆེ་ལ་གངས་བབས་པ་སོགས་མི་མང་འདི་ཙམ་ཕེབས་རེ་བྱས་མེད།  ཧ་ཅང་མང་པོ་ཕེབས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག  ཉིན་གུང་དཀར་སྐྱོང་གསོལ་ཚིགས་སྟབས་བདེ་གོ་སྒྲིག་ཞུས་པར་དགྱེས་བཞེས་ཡོང་བ་སོགས་ཐུགས་རྗེ་ཆེ་ཞུས་མཇུག་བསྡོམས་ཞུས་སོང་བའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་རྒྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སྡོམས་རོགས།