གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་རི་ཀོང་ཆོས་འཁོར་དགོན་དུ་འཚོགས།

སྤྱི་ལོ་༢༠༡༧ ལོའི་ཟླ་༡༢་པའི་ཚེས་༣༡ ཉིན་སིད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་རི་ཀོན་ཆོས་འཁོར་དགོན་དུ་ཚེས་༢༣ ཉིན་ཨ་མདོ་རྔ་བར་མིང་ལ་དཀོན་པེ་ཞུ་བའི་གཞོན་སྐྱེས་ཤིག་གིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་གི་བོད་ཐོག་ལ་འཛིན་སྲིད་ཇུས་ལ་ངོ་རྒོལ་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཚོགས།

ཉིན་དེིའི་ཞོགས་པའི་ས་གནས་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ནས་རི་ཀོན་དགོན་གྱི་མཁན་རིན་པོ་ཆེ་གཙོས་ཆོས་རྒྱུད་ཁག་གི་དགེ་འདུན་པ་རྣམ་པ་དང་། སྤྱི་ཟུར་ཁག་ཅིག བུད་མེད་ཚོགས་གཙོ་དང་གཞོན་ནུའི་སྐུ་ཚབ། དེ་བཞིན་སུད་སིིའི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཙོས་རྒྱུན་ལས་ཁག་ཅིག་དང་། ས་གནས་མི་མང་༡༥ ལྷག་ཅིག་མཉམ་འཛོམས་ཀྱིས་དམ་པ་ཁོང་གི་ཆེད་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་།

སྐབས་དེར་ཚོགས་གཙོ་སྙིང་པོ་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ནམ་ཡང་བརྗེད་རྒྱུ་མེད་པའི་བཀའ་སློབ་གནང་། མཐར་ས་གནས་ཆུ་ཚོད་༡༢་ཙམ་ལ་མི་མང་ཚོགས་པས་གོ་སྒྲིག་བྱས་པའི་ཉིན་གོང་ཞལ་ལག་འདེགས་འབུལ་དང་བཅས་མཆོད་འབུལ་མཇུག་བསྡུས་གནང་།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།