ས་གནས་མུན་ཁུ་ཝི་ལན་དང་ཝིལ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་འོས་བསྡུའི་ཁྲིམས་ལུགས་སྐོར་གཟབ་སྦྱོང་གསལ་བཤད་ཞུས་པ།

༄༅།   ཕྱི་ལོ་  ༢༠༡༥  ཟླ་  ༩  ཚེས་  ༢༠  རེས་གཟའ་ཉི་མའི་ཉིན་ཕྱེད་ཡོལ་ཕྱག་ཚོད་  ༡།༣༠  ཐོག་ས་གནས་མུན་ཁུ་ཝི་ལན་དུ་ ༢༠༡༥  ལོའི་ཚོགས་ཆུང་གི་ཚོགསའདུ་ཚོགས་ཐེངས་བཞི་པའི་སྐབས་སུ་རྒྱུན་ཏན་གྱི་གྲོས་གཞི་གནད་དོན་ཁ་ཤས་དང།  མ་ཟད་དེ་ཉིན་ཐོག་མར་ས་གནས་འོས་བསྡུའི་ཚོགས་མི་ཞི་སྲས་ཚང་བདེ་སྐྱིད་དབྱངས་འཛོམས་ལགས་དང།  མི་མང་གི་འོས་བསྡུའི་གཟུ་དཔང་བསམ་པ་དོན་གྲུབ་གཉིས་ནས་ཡོང་ལ་ཉེ་བའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང།   སྐབས་  ༡༦  པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་སྐབས་མང་ཚོགས་ནས་དོ་སྣང་གནང་དགོས་པའི་དབུས་འོས་བསྡུའི་སྒྲིག་གཞིའི་ནང་བསྒྱུར་བ་ག་རེ་ག་རེ་ཕྱིན་ཡོད་མེད་དང།   དེ་བཞིན་སྔོན་འགྲོ་འོས་བསྡུ་  ༢༠༡༥  ཟླ་  ༡༠  ཚེས་  ༡༨  རེས་གཟའ་ཉི་མའི་སྔ་དྲོ་ཕྱག་ཚོད་  ༩།༠༠   ནས་ ཕྱེད་ཡོལ་ཕྱག་ཚོད་  ༣།༠༠  བར་གནང་རྒྱུ་གཏན་འབེབས་ཟིན་པ་ལྟར་དེ་ཉིན་མང་ཚོགས་ནས་ག་རེ་ཞུ་དགོས་མིན་སྐོར་གཤམ་གསལ་དོན་གནད་ཁག་གཙོ་བོར་དང་གཞན་ཡང་གལ་གནད་ཆེ་བའི་གནད་དོན་སྐོར་གསལ་བཤད་ཞིབ་པ་ཞུས།

༡།    སྐབས་གཉིས་པའི་སྲིད་སྐྱོང་དང།   བཙན་བྱོལ་བོད་མིའི་སྐབས་  ༡༦  པའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་ལས་བརྒལ་བ་ཡིན་ན་ཉེས་ཆད་ག་རེ་ཡོད།
༢།     འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གསལ་བསྒྲགས་བྱེད་པ་དང། ཡིག་ཆ་འགྲེམས་སྤེལ་བྱེད་པར་ཉེས་ཆད་ག་རེ་ཡོད།
༣།     འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཞུ་སྐབས་དོ་བདག་འོས་མིར་ལངས་མཁན་དང།    དེར་རྒྱབ་སྐྱོར་ཞུ་མཁན་ཚོ་ནས་སྒྲིག་འགལ་དུ་མ་སོང་བའི་ཆེད་དམིགས་བསལ་དོ་སྣང་བྱེད་དགོས་པ་ག་རེ་ཡོད།

ཚོགས་ཞུགས་མང་ཚོགས་ནས་དྲི་བ་གནང་མཁན་ཁག་ལ་གོང་གསལ་གཟབ་སྦྱོང་ཕུལ་མི་གཉིས་ནས་རང་གི་གང་ཤེས་གང་ནུས་ཀྱིས་ལན་འདེབས་ཞུས།   དེ་ཉིན་ཚོགས་ཆུང་གི་འཐུས་མི་དང།   རྒྱུན་ལས།  མི་མང་བཅས་མང་དག་ཞིག་མཉམ་ཞུགས་བྱུང་ཡོད་སྟབས་ཚང་མར་ག་ལ་གང་འཚམས་ཀྱི་ཕན་ནུས་བྱུང་སོང་ཉམས་པའི་འཚོར་སྣང་དང།   ལྷག་དོན་ད་ཆ་ང་ཚོའི་དཔལ་ལྡན་སྲིད་སྐྱོང་དང།

སྐབས་བཅུ་དྲུག་པའི་བོད་མི་མང་ཡུ་རོབ་སྤྱི་འཐུས་གཉིས་འོས་འདེམས་ལས་འགུལ་ལ་ཚང་མས་ཐུགས་གནང་ཆེན་པོའི་ཐོག་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་རྣམ་དག་གི་མི་སྣ་འོས་འདེམས་དགོས་པའི་འབོད་བསྐུལ་ཟབ་ནན་ཡང་ཞུས་པས་གནས་བསྡུས་སུ། བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སམས་རགས།