ཁམས་ཊེ་ཧོར་དགོན་གྲོང་གཉིས་ཀྱིས་༧གོང་ས་མཆོག་གི་ཞབས་རིམ་བསྒྲུབ།

ཟླ་འདིའི་ཚེས་ ༢༡ ཉིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཛ་དྲག་གསལ་བསྒྲགས་སྤེལ་ཏེ། ཚེས་ ༢༠ ཉིན་གནས་ཆུང་སྦྱན་འདྲེན་ཞུས་ཏེ། ༧གོང་ས་མཆོག་ཨ་རིར་སྐུ་གཟུགས་བརྟག་དཔྱད་སྨན་བཅོས་གནང་བར་ཕེབས་ཟིན་པའི་ཐད་རིམ་གྲོ་གང་ཡོད་ཞུས་སྐབས། མཆོག་དམན་ཀུན་གྱིས་༧རྒྱལ་བའི་མཚན་སྔགས་འགྲོ་གང་ཆེ་དང་། སྨན་བླའི་མདོ་ཆོག་དང་འབྲེལ་སྨན་གཟུངས་གང་མང་གྲངས་གསོག་གནང་དགོས་པའི་བཀའ་ལུང་ཕེབས་ཡོད་འདུག

ཟླ་འདིའི་ཚེས་ ༡༩ ཉིན། བོད་མིའི་སྐྱབས་མགོན་༧གོང་ས་མཆོག་ཨ་རིའི་མེ་ཡོ་(Mayo Clinic)སྨན་ཁང་ལ་སྐུ་གཟུགས་བརྟག་དཔྱད་གཏོང་བར་ཕེབས་ཡོད། ཚེས་ ༢༡ ཉིན་ཨ་རིའི་མེ་ཡོ་སྨན་ཁང་གི་མགྲིན་ཚབ་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕོ་རྨེན་(Prostate)ལ་བརྟག་དཔྱད་གནང་བའི་མཇུག་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་སྟབས་སེམས་ཁྲལ་གང་ཡང་བྱེད་དགོས་དོན་མེད་སྐོར་གསར་འགོད་པར་བརྗོད་ཡོད།གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།