ཁ་བ་བུ་ཡུག་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།

ཕྱི་ལོ་༢༠༡༧ཟླ༡༢ཚེས༡༠ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོར་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་ལས་འགུལ་གོ་སྒྲིག་བྱས། 

དེ་རིང་གི་གནམ་གཤིས་ཧ་ཅང་འཁྱགས་ལ་ཁ་བ་དང་ཆར་འདྲེས་མ་རྒྱུན་མ་ཆད་པར་བབས་ཀྱང་བོད་མི་ཚོའི་སེམས་ཤུགས་ནི་སྔར་བཞིན་ཆེ། དེ་རིང་གི་ཉིན་མོ་འདི་ནི་སྐྱིད་སྡུག་འདྲེས་མའི་ཉིན་མོ་ཞིག་ཡིན་ལ། དགའ་འོས་བ་ཞིག་ནི་ལོ་ངོ་སུམ་ཅུ་ཡས་མས་སྔོན་ལ་བདག་ཅག་གི་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོར་ནོལ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་པ་དང་།དེ་ཡང་ཡ་ང་བའི་གནས་ཤིག་ནི་བོད་ནང་གི་འགྲོ་བ་མིའི་གནས་བབས་ནི་སྔར་ལས་ཀྱང་ཇེ་སྡུག་ནས་ཇེ་ཞན་ཏུ་འགྲོ་བཞིན་པ་དེ་རེད།

འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་དུ་དོན་ཚན་སུམ་ཅུ་ཡོད་པ་དེ་དག་ནི།ཆབ་འབངས་མི་སེར་གྱི་ཆབ་སྲིད་ཀྱི་ཐོབ་ཐང་།དཔལ་འབྱོར་དང་སྤྱི་ཚོགས།རིག་གནས་ཀྱི་ཐོབ་ཐང་བཅས་ཚུད་ཡོད།དེ་ཡང་སྤྱི་ལོ་༡༩༥༠་ནས་བཟུང་ལོ་རེའི་ཟླ༡༢་ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གཏན་འཁེལ་བྱས་ཡོད་པ་རེད།

དེ་རིང་ཕྱི་དྲོའི་ཆུད་ཚོད་༡༢་ཐོག་སུད་སི་ས་གནས་ཡོངས་ནས་མི་མང་དུས་གཅིག་མཉམ་འཛོམས་བྱས་བ་དང་ཐོག་མར་བོད་ཀྱི་རྒྱལ་གླུ་འབུལ་བཞེས་ཐོོག་མཛད་སྒོ་དབུ་འཛུགས་བྱས་པ་དང་།དེ་ནས་བོད་རིགས་མི་མང་གི་ཚོགས་གཙོས་ལས་འགུལ་གྱི་རྒྱུད་རིམ་ངོ་སྤྲོད་དང་དབྱིན་སྐད་ནང་འཛམ་གླིང་རྒྱལ་སྤྱིའི་མང་ཚོགས་ལ་བོད་དོན་ཐོག་ཐུགས་འཁུར་བཞེས་དགོས་བའི་འབོད་སྐུལ་ཞུས་ཐོགགལ་ཏེ་བོད་དོན་བདེན་མཐའ་མ་སེལ་ནས་དུས་ཞིག་ལ་བོད་མིས་འུ་ཐུག་ཐབས་ཟད་ནས་འཚེ་མེད་ཞི་བའི་ལམ་དོར་ཏེ་དྲག་རྩུལ་ཀྱི་ལམ་ལ་ཕྱིན་ན།དེའི་འགན་ཡོངས་རྫོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཡོད་ཞེས་གསུངས་པ་དང་།དེའི་རྗེས་སུ་སྐུ་ཞབས་རེ་ནེ་ལོང་ལྗེ་མཆོག་གིས་ཇར་མན་ཐོག་གསུང་བཤད་གནང་བ་དང་།ཡུ་རོབ་གནས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་བྱམས་པ་ཚེ་རིང་ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་རྒྱབ་ལྗོངས་ལོ་རྒྱུས་རགས་ཙམ་ཞིག་ངོ་སྤྲོད་གནང་པ་དང་སྤྱི་འཐུས་ཀྱི་གསུང་འཕྲིན་མདོར་བསྡུས་ཤིག་སྒྲོགས་སྦྱངས་གནང་བ་དང་།དེ་བཞིན་ཚོགས་གཞོན་པདྨ་ལགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་ཕུལ་བའི་སྙན་ཞུ་སྒྲོག་སྦྱང་བྱས་པ་དང་ས་གནས་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཟླ་བ་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱངས་གནང་། 

རིམ་བཞིན་དུ་ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོས་གསུང་བཤད་གནང་བ་དང་། མཐར་མི་མང་བདེན་ཚིག་སྨོན་ལམ་གསུང་འདོན་བྱས་ཐོག་ལས་འགུལ་འཇུག་སྒྲིལ་གནང་ཡོད་པ་རེད།  གསར་འགོད་པ་ ཤ་བོ་ནས་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སམས་རགས།