༸ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སུད་སུ་ནང་གསུངས་ཆོས།

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སུད་སི་བརྩེ་ཆེན་ཚོགས་པ་དང་ཐུབ་བསྟན་བྱང་ཆུབ་ཆོས་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན།ཟླ་འདིའི་ཚེས་༢༤་ཉིན་ཆོས་ཞུ་བ་༢༥༠༠མ་ཟིན་ཙམ་ལ་ཆོས་འབྲེལ་ཚེ་དབང་དང་རིགས་གསུམ་མགོན་པོའཱི་རྗེས་གནང་དང་བཀའ་བསྒོ་བཀའ་དྲིན་བསྐྱངས་གནང་མཛད་སོང་།

སྤྱི་ལོ་༢༠༡༩སྤྱི་ཟླ༨པའི་ཚེས་༢༤རེས་གཟའ་སྤེན་པའི་ཞོགས་པ་སྔ་དྲོ་ཆུ་ཚོད་༡༠པ་ནས་༡༧བར་ཚེ་དབང་དང་རིགས་གསུམ་མགོན་པོའཱི་རྗེས་གནང་བཀའ་ བསྒོ་སོགས་ཁྲིད་མཛད་སོང་།

བཀའ་དབང་སྐབས་རིན་པོ་ཆེས་ཚེ་དབང་ཞུ་སྐབས་གསུངས་དོན་ཚེ་དབང་ཞུ་སྐབས་ཆོས་ཞུ་མཁན་དང་གསུངས་མཁན་གཉིས་ལ་ཀུན་སློང་མཆོག་ཏུ་གྱུར་བ་ཞིག་དགོས་བ་དང་ཀུན་སློང་དེ་ཡང་མ་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བསམ་དགོསབ།་
ཆོས་ཟེར་བ་དེ་ཁ་དོན་འདོན་པ་ཙམ་མ་ཡིན་པར་སེམས་འདུད་་པ་གལ་ཆེན་ཡིན།མདོ་ལས།

སྡིག་པ་ཅི་ཡང་མི་བྱ་ཞིང་།།
དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ།།
འདི་ནི་སངས་རྒྱས་བསྟན་པ་ཡིན།།

རིན་པོ་ཆེས་མུ་མཐུད་དུ་གསུངས་དོན། བཟོད་སྲན་དང་ཕན་སེམས། སྤྱི་སེམས་སོགས་ནི་བདེ་བའི་རྒྱུ་ཡིན་པ་དང་། ང་བསམ་བསྡད་ན་བདེ་བ་འབྱུང་ཐབས་མེད་པ།བདེ་སྐྱིད་ཀྱི་གཞན་ཕན་ནས་འབྱུང་གི་ཡོད་པ་སོགས་གསུངས་སོང་།

དེ་བཞིན་རིན་པོ་ཆེས་བོད་ཀྱི་རྩ་དོན་ཆེད་གསུངས་དོན། ང་ཚོས་བོད་ཀྱི་ངོ་བོ་བརླགས་མི་ཉན་པ་དེ་གལ་ཆེན་རེད།་མི་རིགས་ཀྱི་ངོ་བོ་སྐད་དང་ཡི་གེ་ཡིན་ཙང་བོད་མིའི་ཁྲོད་བོད་སྐད་མི་ཤེས་མཁན་དང་བོད་ཡིག་མི་ཤེས་མཁན་མང་པོ་ཡོད་པ་དེ་ཧ་ཅང་གིས་ཐབས་སྐྱོ་བོ་རེད། ཁྱེད་རང་ཚོ་བོད་རིགས་ནང་ཁུལ་འཛོམས་དུས་བོད་སྐད་བཤད་དགོས་བ་དེ་གལ་ཆེན་པོ་རེད། བོད་སྐད་དང་བོད་ཡིག་མ་ཤེས་ནས་ཆོས་དང་རིག་གཞུང་ཟེར་བ་དེ་མིང་ཙམ་རེད།

རིན་པ་ཆེས་བོད་མིའི་མཐུན་སྒྲིལ་ཐད་གསུངས་དོན། བོད་མི་ས་ཡ་དྲུག་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་རེད། ད་ལྟ་ང་ཚོའི་གནས་སྟངས་གཅིག་རེད་ལ་མ་འོངས་པ་ཡང་གཅིག་ཆགས་གི་རེད།དེ་འདྲ་སོང་ཙང་བོད་མི་ཡོངས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ། དམ་ཚིག་གཙང་མ་བྱེད་དགོས་བ་ངས་སྙིང་ཐག་པ་ནས་རེ་བ་ཞུ་གི་ཡོད། བོད་ཀྱི་ལོ་རྒྱུས་ཁྲོད་ཡང་ནང་ཁུལ་འཆམས་མཐུན་མ་ཡོང་པས་ཆག་སྒོ་ཆེན་པོ་བྱུང་ཡོད་རེད་སོགས་ཀྱི་བཀའ་ སློབ་གལ་ཆན་གནང་སོང་། ཐེངས་འདིའི་གསུངས་ཆོས་ཀྱི་འགྲོ་སོང་ཡོངས་ཕུད་པའི་ལྷག་མ་ཡོངས་སྨན་ཁང་དང་རོགས་སྐྱོར་འདྲ་མིན་ལ་ཞལ་འདེབས་སུ་ཕུལ་འཆར་འདུག།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།