༸གོང་ས་མཆོག་གིས་རྒྱ་ནག་འགོ་ཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་ཐོག་འཛིན་བཞིན་པའི་ལངས་ཕྱོགས་དེར་བསྒྱུར་བཅོས་གཏོང་རྒྱུའི་ཐུགས་རེ་མཛད་པ།

བརྙན་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་གསར་པ་བཟུང་བར་བརྟེན་རྒྱ་ནག་ནང་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཆེན་པོ་ཡོང་བཞིན་ཡོད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོས་ད་ཆ་རྒྱ་ནག་ནང་སྤྱི་ཚོགས་འཆམ་མཐུན་གོང་འཕེལ་གཏོང་རྒྱུ་དེ་དམིགས་བསལ་འབད་བརྩོན་བྱེད་དགོས་པ་དང་ཧ་ཅང་གལ་ཆེན་པོར་མཐོང་བ་དེས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་དུས་བསྟུན་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་རྒྱུའི་ནུས་པ་ཡོད་པ་གསལ་པོ་རེད། བོད་ཀྱི་གནད་དོན་ལ་རྒྱ་ནག་གཞུང་གི་ལངས་ཕྱོགས་འཛིན་སྟངས་ཐོག་འགྱུར་བ་འགྲོ་རྒྱུར་ངོས་ཀྱིས་རེབ་བྱེད་བཞིན་ཡོད།ངོས་ཀྱིས་བསམ་པར་འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་བཏང་སྟེ་ཕུགས་རྒྱང་རིང་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་རྒྱུ་མ་གཏོགས་ལམ་གཞན་ཞིག་མེད། དེ་ལས་ལྡོག་སྟེ་ད་ལྟའི་རྒྱ༌ནག་འགོ་ཁྲིད་ཚོས་དྲག་གནོན་དང་དམ་བསྒྲགས་ཁོ་ནའི་འོག་སྤྱི་ཚོགས་སྒོ་བརྒྱབ་པའི་བྱ་སྤྱོད་དེ་ནི་རང་ཤི་བརྒྱབ་པ་ལྟ་བུ་རེད། དེར་བརྟེན་འགོ་ཁྲིད་གསར་པ་འཕོ་འགྱུར་འོག་རྒྱ་ནག་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་འགྲོ་རྒྱུའི་གོ་སྐབས་ཤིག་ཡོད། ཅེས་བཀའ་ལན་སྩལ།

ཕྱོགས་མཚུངས་གསར་འགོད་པས་གལ་ཏེ་རྒྱ་ནག་གཞུང་གིས་དམ་བསྒྲགས་མཚམས་འཇོག་མ་བྱས་ཚེ་རང་ལུས་མེར་སྲེག་མུ་མཐུད་ཡོང་རྒྱུ་ཡིན་ནམ། ཞེས་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་ཧ་ཅང་བརྗོད་ཁག་པོ་རེད། འོན་ཀྱང་བོད་མིའི་སྙིང་སྟོབས་ལ་འགྱུར་བ་འགྲོ་གི་མ་རེད། རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོས་མ་ཐག་ངོས་རང་ཧ་ཅང་བློ་ཕམ་བྱུང། འབྱུང་འགྱུར་གནས་ཚུལ་དེ་རིགས་མུ་མཐུད་བྱུང་མིན་ནི་ཧ་ཅང་བརྗོད་ཁག་པོ་རེད། ད་ཆ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེ་ནི་ནད་ཀྱི་སྔོན་རྟགས་ལྟ་བུ་ཡིན། སྔོན་རྟགས་དེ་བཅོས་པར་དེའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་དེ་དག་ངོས་འཛིན་དགོས། རང་ལུས་མེར་སྲེག་བཏང་བའི་གནད་དོན་དེ་བོད་མིས་བཟོས་པ་ཞིག་མིན། དེ་གཞན་ཞིག་གིས་བཟོས་པ་རེད། ཅེས་བཀའ་ལན་སྩལ།

ཡང་གསར་འགོད་པས་གོ་ལའི་དཔལ་འབྱོར་ཁེ་ཕན་ཆེད་རྒྱ་ནག་རེ་བ་བཅོལ་ས་ཞིག་ཆགས་པའི་དུས་སྐབས་འདིར། བོད་ཀྱི་གནད་དོན་ལ་བདག་སྤྲོད་བྱས་ནས་དགེ་མཚན་གང་ཡོད། ཞེས་ཞུས་པར་༸གོང་ས་མཆོག་གིས་འཛམ་གླིང་མི་མང་ཚོས་དྲང་བདེན་དང་བཟང་སྤྱོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། བོད་མིའི་འཐབ་རྩོད་འདི་ནི་བདེན་པ་དང་མེ་མདའེ་དབར་གྱི་འཐབ་རྩོད་ཅིག་ཡིན་པ་ལྟ་བུ་བརྗོད་ཆོག་རྒྱུ་རེད། ཕྲལ་སེལ་མེ་མདར་རྒྱལ་ཁ་ཐོབ་པ་ལྟ་བུ་ཡོད་ཀྱང་ཕུགས་ལ་བདེན་པར་རྒྱལ་ཁ་ཐོབ་རྒྱུ་ཧ་ལམ་ཐག་ཆོད་པ་ཞིག་རེད། ཅེས་སོགས་བཀའ་ལན་སྩལ་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།