༸གོང་ས་མཆོག་གིས་དབྱུག་རྩེད་སྤོ་ལོ་རྩེད་མཁན་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༨ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་༸གོང་ས་མཆོག་གིས་རྒྱ་གར་དང་ཕྱི་རྒྱལ་དབྱུག་རྩེད་སྤོ་ལོ་རྩེད་མཁན་ (King’s XI Punjab )རུ་ཁག་གི་རྩེད་འགྲན་པ་མི་གྲངས་ ༣༠ ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ངོས་རང་རྒྱུན་དུ་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་ཀྱི་ཡོད། གང་ཡིན་བརྗོད་ན་ངོས་ཀྱི་ལུས་པོ་ནི་རྒྱ་གར་གྱི་འབྲས་དང་དྷ་ལི་ལ་བརྟེན་ནས་འཚོ་བ་ཞིག་ཡིན་པ་དང་། ངའི་ཀླད་པའི་རྡུལ་རྫས་རེ་རེ་ནས་རྒྱ་གར་གྱི་སྲོལ་རྒྱུན་ནཱ་ལནྡྲའི་ལེགས་བཤད་ཀྱི་ཁེངས་ཡོད། ནཱ་ལནྡྲའི་གཙུག་ལག་ཁང་དེ་བཞིན་ནང་པའི་སློབ་གཉེར་ཁང་ཙམ་མིན་པར་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་ཤེས་ཡོན་གྱི་བསྟི་གནས་གྲགས་ཅན་རྩེ་ཕུད་ཅིག་ཡིན་འདུག གཙུག་ལག་ཁང་དེ་ནས་ཀླུ་སྒྲུབ་ལ་སོགས་པའི་མཁས་དབང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད།
ངོས་རང་ལོ་དྲུག་བདུན་སྐབས་ནས་ལེགས་བཤད་དེ་དག་ལ་སློབ་གཉེར་བྱེད་འགོ་བཙུགས་ཡོད། སྤྱིར་ངོས་རང་སྐབས་དེ་དུས་དོ་སྣང་གང་ཡང་མེད་པར་བརྟེན་མཚམས་རེ་རྒན་ལགས་ཀྱིས་རྟ་ལྕག་གཞུས་མྱོང་ཡོད། ངོས་ལ་ཁ་སང་རྩེད་འགྲན་དུ་ཡོང་རོགས་ཞེས་མགྲོན་ཤོག་འབྱོར་ཡང་ངོས་རང་རྒྱུན་དུ་ཆུ་ཚོད་ ༧།༣༠ ཙམ་ལ་ཉལ་གྱི་ཡོད་པ་མ་ཟད། ཨ་རི་ནས་འབྱོར་འཕྲལ་ཡིན་པར་བརྟེན་ཏོག་ཙམ་བཀའ་ལས་ཁག་བྱུང་། འོན་ཀྱང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ངོས་རང་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྩེད་འགྲན་དུ་མགྲོན་འབོད་གནང་བ་ལྟར་ཡོང་རྒྱུ་ཡིན།
ཞེས་བཀའ་སློབ་ཕེབས་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།