ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༥ རེས་གཟའ་སྤེན་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཟབས་རྒྱས་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༥ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ས་གནས་བྷུའི་ལག་ཏུ་རི་ཀོན་ཆོས་འཁོར་མགོན་གྱི་མཁན་རིན་པོ་ཆེ་གཙོས་དགེ་འདུན་རྣམ་པ་དང་སྐུ་ཚབ་དོན་གཅོད་དེ་བཞིན་ཡུ་རོབ་སྤྱི་འཐུས་གཙོས་སྤྱི་ཟུར་རྣམ་པ་དེ་བཞིན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་གཙོས་འཐུས་མི་རྣམ་པ་བཅས་དབུ་བཞུགས་དང་མི་མང་༡༨༠༠ལྷག་མཉམ་འཞུགས་ཐོག་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཐོག་མར་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུས་རྗེས་མཛད་གཙོ་ཁག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ནས་སྐུ་དཔར་རིན་པོ་ཆེར་མཇལ་དྭར་འབུལ། མི་མང་ཟློས་གར་གྱིས་དབུས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་བ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་གདུད་གནང་། ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་༸རྒྱལ་བའི་༸ཞབས་བརྟན་དང་བདེན་གསོལ་སྨོན་ཚིག་བཅས་གསུང་པས་རྗེས་མིང་ཟློོས་གར་ནས་བཀྲིས་པའི་བཀྲིས་ཞོལ་པ་དང་།  མི་མང་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། ས་གནས་བོད་སློབ་ཁག་ནས་གསུང་གཞས་ཁག་དང་། མཛད་གཙོ་ཁག་ནས་གསུང་བཤད་དང་ཚོགས་ཆུང་ཁག་དང་ཚོགས་སྐྱིད་ཁག་ནས་ཞབས་གཞས་ཁག་སྔར་རྒྱུན་བཞིན་གཟིགས་འབུལ་ཞུས། བླ་རྙིང་པདྨ་ཚེ་རིང་དང་སྐལ་བཟང་དབང་ཕྱུག་ལགས་གཉིས་ཀྱི་འགོ་ཁྲིད་ཏེ་མང་ཚོགས་ནས་སྒོར་གཞས་སྐྱོན་གནང་བ་དང་བཅས་དགའ་དགའ་སྤྲོ་སྤྲོའི་ངང་མཛད་སྒོ་ལེགས་བསྒྲུབས་བྱུང་ཡོད་པ་རེད།

གསར་འགོད་པ། བསྟན་སྙིང་པོ།
པར། གླུ་རྒྱལ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།