༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལ་ནོ་གྲོང་ཁྱེར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་མང་ཚོགས་ལ་བཀའ་སློབ་སྩལ་བ།

༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ནོའི་(Milano)ནང་ནང་རྟེན་གཞི་བྱས་པའི་དགེ་འཕེལ་གླིང་བོད་ཀྱི་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༧ ཉིན་བཟོ་ལས་དང་ཚོང་ལས་གཉིས་འཛོམས་ཀྱི་ཨི་ཊ་ལིའི་གྲོང་ཁྱེར་མི་ལ་ནོའི(Milano)ཨ་སི་ཁོ་ཚོགས་ཁང་ཆེན་མོའི་ནང་ཨི་ཊ་ལི་གཙོ་བོར་གྱུར་བའི་འཛམ་གླིང་གི་ཡུལ་གྲུ་ཁག་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༨༠༠༠ བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྐབས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུ་བྱུང་བ་རེད། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། འཛམ་གླིང་འདིའི་སྟེང་འཚོ་གནས་བྱེད་མཁན་འགྲོ་བ་མིའི་དལ་འབྱོར་གྱི་མི་ལུས་འདི་ཚེ་སྔོན་མ་གཞན་གྱི་ཆེད་དུ་ལས་དོན་དང་ཚོགས། བསོད་ནམས་བསགས་པ་ལས་བྱུང་བ་ཞིག་རེད། མི་གཞན་ལ་རང་གིས་ལུས་ངག་ཡིད་གསུམ་ཐོག་ནས་གནོད་པ་བསྐྱལ་ཏེ་དལ་འབྱོར་མི་ལུས་སྒྲུབ་ཐབས་མེད། དེར་བརྟེན་དུས་རྒྱུན་དུ་རང་རྒྱུད་ལ་བྱམས་སྙིང་རྗེ་གཞན་ཕན་ཆེད་སྙིང་སྟོབས་གོང་འཕེལ་བཏང་ནས་ཐེངས་འདིར་ཐོབ་པའི་དལ་འབྱོར་མི་ལུས་འདི་ཆུད་ཟོས་མི་འགྲོ་བ་བྱེད་དགོས། གང་ལ་ཞེ་ན། ང་རང་ཚོའི་བློར་ཉོན་མོངས་དུག་གསུམ་གྱིས་གོམས་འདྲིས་ཐེབས་ཡོད་སྟབས།བྱམས་སྙིང་རྗེ་སོགས་རང་བཞིན་གྱིས་རང་རྒྱུད་ལ་སྐྱེ་རྒྱུ་ཧ་ཅང་ཁག་པོ་ཡིན། དེར་བརྟེན་སེམས་ལ་སྦྱོང་བརྡར་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྡིག་པའི་དབང་གིས་ཉོན་མོངས་དུག་གསུམ་དང་འབྲེལ་བའི་ལས་ཀ་ཡོངས་རྫོགས་དེ་ཙམ་འབད་བརྩོན་བྱེད་དགོས་པར་བསྒྲུབ་ཀྱི་ཡོད། འོན་ཀྱང་གལ་ཆེ་ཤོས་ནི་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་དང་གཞན་ཕན་གཉིས་ཁ་མ་བྲལ་བར་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། ཞེས་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། ཕྱེད་ཡོལ་བོད་པ་དང་སྲོག་པོ་ཁག་ལ་དམིགས་བསལ་གྱི་སྲོག་པོ་དང་བོད་པའི་དབར་སྔར་རྒྱུན་ནས་ཆོས་དང་རིགས་གཞུང་འཐད་འབྲེལ་བ་དམ་གཟབ་ཡོད་པའི་སྐོར་དང་བོད་པ་ཚོར་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དགོས་པས་བཀའ་སློབ་བཀྲིན་བསྩལ་གནང་པས་རྗེས་སུ་མང་ཚོགས་ལ་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག་པ་བཅས། ། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།