༧ རྒྱལ་དབང་ཀརྨ་པ་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།

འཛམ་གླིང་རྒྱལ་སྤྱིའི་སྔ་འགྱུར་རྙིང་མ་རིག་འཛིན་འདུས་སྡེ་ཆོས་ཚོགས་ཀྱིས་གདན་ཞུའི་གསོལ་བ་བཏབ་དོན་ལྟར༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་སུད་སི་འཇི་ནི་ཝ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། གནམ་ཐང་དུ་ནམ་མཁའ་རིན་པོ་ཆེ་མཆོག་དང་། རི་མགོ་སྤྲུལ་སྐུ   དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་པད་མ་ལགས་བཅས་ཀྱི་གཙོས་པའི་ས་གནས་མི་མང་བརྒྱ་ཕྲག་ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་ལ། ༧རྒྱལ་དབང་ཀརྨ་པ་མཆོག་ཐེངས་འདིར་སུད་སིར་ཆིབས་སྒྱུར་གནང་སྟེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རླབས་ཆེན་སྐྱོང་བའི་མཛད་རིམ་མང་པོ་ཞིག་ཡོད་པའི་ཁྲོད།  སུད་སི་ཁུལ་མི་མང་ལ་བཀའ་ཆོས་སོགས་མཛད་འཆར་བསྐྱངས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 2 སམས་རགས།