༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་ཞུས་།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེནསིཊཡན་བོད་རིགས་མི་མང་ནས་རི་ཀོན་ཆོས་འཁོར་དགོན་དུ་སྤྱི་ནོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་དང་། ༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་གརྩི་ཞུས།

སུད་སི་འཕྲོད་བསྟེན་ལྷན་ཁང་གི་ཏོག་དབྱིབས་ནད་ཡམས་ཀྱི་སྒྲིག་ཁྲིམས་དང་ལམ་སྟོན། དེ་བཞིན་ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་ལ་སྐྱར་ཞིབ་ཞུས་རྗེས། མཛད་སྒོ་དེ་བཞིན་མཛད་གཙོ་རྣམ་པ་དང་བོད་རིགས་མི་མང་གི་འཐུས་མི་རྣམ་པས་གནངས།
ཕྱག་ཚོད་ ༩།༡༥ ཐོག་ལྷན་འཛོམས་ཐོག་ཕྱག་ཚོད་ ༩།༣༠ ནས་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་མཛད་སྒོའི་ངོ་སྤྲོད་ཀྱི་གསུང་བཤད་གནང་།

ཕྱག་ཚོད་ ༩།༤༠ ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་བཅོམ་ལྡན་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། མཛད་འཕྲིན་ཉི་མའི་འོད་ཀྱི་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་ཆེད་མགྲོན་གཙོ་རྣམ་པ་དང་། མི་མང་གི་ཚོགས་གཙོ་བཅས་ནས་རྟེན་གསུམ་འདེགས་འབུལ་དང་དཀར་གཙང་མཇལ་དར་འབུལ་གནང་།

རྒྱལ་བའི་བཀའ་དྲིན་རྗེས་དྲན་སླད། འཕགས་པ་གནས་བརྟན་བཅུ་དྲུག་གི་མཆོད་བསྟོད་དང་འབྲེལ་ ༧གོང་ས་མཆོག་གི་སྐུ་འཕྱའི་ཞབས་རིམ་སྨིན་སྒྲུབ། གསོལ་ཇ་འབྲས་སིལ་འདེགས་འབུལ། དེའི་མཚམས་མཁན་རིན་པོ་ཆེ་མཆོག་ནས་སྔོ་སྨོན་མཚམས་སྦྱོར་གནང་སོང་། གོང་འཁོད་༧གོང་ས་མཆོག་གི་སྐུ་འཕྱའི་ཞབས་རིམ་སྨིན་སྒྲུབ་མུ་མཐུད་ནས་ཞུས་རྗེས། ཡུ་རོབ་བོད་མི་མང་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་མཆོག་དང་ སྐུ་ངོ་དོནགཅོད་འཆི་མེད་རིག་འཛིན་མཆོག་་ནས་གསུང་གཤད་གནང་། བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དུས་དྲན་གྱི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྒྲིལ་སོང་།

གསར་འགོད་པ་ཝང་དཀར་ཚེ་རིང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 2 སྡོམས་རོགས།