༧གོང་ས་མཆོག་སུད་སི་ནང་ཞབས་སོར་བདེ་བར་འཁོད་པ།

༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སུད་སི་དང་ལིག་ཏན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ངོས་ནས་ཇི་ལྟར་གསོལ་བ་བཏབས་པ་ལྟར། དེ་རིང་སྟེ་ཕྱི་ཚེས་༡༢ ཉིན་གྱི་ཉིན་གུང་ཕྱག་ཚོད་༡༢ ཙམ་ལ་སུད་སི་ནང་སེམས་བསོད་ནམས་ཀྱི་བགོ་སྐལ་དུ་ཆིབས་བསྒྱུར་བདེ་བར་སྐྱོང་གནང་ཡོད་པ་དང་། 

སུད་སི་དོན་གཅོད་སྐུ་ངོ་གཙོས་པའི་བོད་རིགས་ལྔ་བརྒྱ་ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག དེ་རིང་བོད་རིགས་མི་མང་ཚོས་ལག་ཏུ་མེ་ཏོག་དང་སྤོས་སྣ། མཇལ་དར་སོགས་བཟུང་སྟེ་ཕེབས་བསུ་དང་། ས་གནས་སྦན་གྱི་གྲོ་གསོལ་ཕྱེ་མར་འདེགས་འབུལ་སོགས་ཞུས་ཡོད་པ་དང་། ས་གནས་བོད་སློབ་ཀྱི་ངོས་ནས་ཕེབས་བསུའི་གཞས་སྣ་གཏོང་བ་སོགས་བོད་རིགས་ཚོའི་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་འདུག

༧སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་མཛད་འཕྲིན་གྱི་ཐོག་མར་སུད་སི་གྲོང་ཁྱེར་སྦན་ནང་གི་ཆོས་ལུགས་ཀྱི་ཚོགས་ཁང་ House of Religions ཞེས་པའི་ནང་ཆིབས་བསྒྱུར་བསྐྱངས་གནང་སྟེ་ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན་དང་བླ་ཆེན་ཁག་ཅིག་དང་ལྷན་ཉིན་གུང་གསོལ་ཚིགས་ལ་རོལ་བ་དང་། དེ་རྗེས་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་དང་ཆོས་ལུགས་མཉམ་གནས་ཐོག་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐད་བཀའ་མོལ་བགྲོ་གླེང་ཞིབ་རྒྱས་གནང་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་གསུམ་ཙམ་ལ་ཉིན་དང་པོའི་མཛད་འཕྲིན་ལེགས་པར་གྲུབ་སྟེ། བཞུགས་གནས་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་འདུག་པ་དང་། གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སམས་རགས།