༢༠༡༣ ལོའི་ཡུ་རོབ་བོད་ཚོགས་ཁག་ཐུན་མོང་གི་སུམ་ཅུ་དུས་དྲན་

༄༅།། ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༤ ཉིན་སྦེལ་ལྗམ་གྲོང་ཁྱེར་ཨན་ཏེཝར་པན་དུ་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག་ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་དང་། བོད་དོན་ལས་འགུལ་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ་ལྷན་འཛོམས་ཐོག་འཆར་ལོའི་གསུམ་བཅུའི་དུས་དྲན་མཉམ་འབྲེལ་ཡུ་རོབ་སྤྱི་མཐུན་གྱི་རྒྱལ་ས་བྷུར་སལ་དུ་སྲུང་རྩིས་བྱ་རྒྱུ་ཐག་བཅད།   དེ་མཚུངས་ཡུ་རོབ་མཉམ་འབྲེལ་ལས་ཁུངས་འདྲ་མིན་ནང་དུ་བོད་དོན་ཞུ་གཏུགས་ལས་འགུལ་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་། གྲོས་བསྡུར་ཚོགས་འདུའི་ཉིན་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་བཅུ་ནས་ས་གནས་བོད་རིགས་ཚོགས་པ་དང་བོད་དོན་ལས་འགུལ་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་ངོ་ཕེབས་གནང་ཡོད། རྒྱལ་ཁབ་གཞན་ཁག་ལྔ་ནས་སྐུ་ཚབ་ཕེབས་ཐུབ་མེད་ཀྱང་ཡུ་རོབ་བོད་རིགས་ཚོགས་པ་ཐུན་མོངས་ནས་ལས་འགུལ་སྤེལ་ཕྱོགས་ཐད་ཐག་གཅོད་ཇི་བྱུང་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་བོ་བྱུང་།

ཡུ་རོབ་གསུམ་དུས་གོ་སྒྲིག་ཚོགས་ཆུང་ནས
༢༠༡༢ ཟླ་ ༡༡ པའི་ ཚེས་༢༤ ལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།