༢༠༡༣ ཕྱི་ཟླ་ ༨ ཚེས་ ༩-༡༡ བཅས་ཉིན་གསུམ་རིང་ར་པརསི་ཝིལ། ཡོ་ན་མཚོ་གླིང་གི་དུས་ཆེན།

༈  དེ་ཡང་འཛམ་གླིང་གི་རྒྱལ་ཁབ་ཆེས་གཅུང་གྲས་ཁྲིམས་ལུགས།  མཐུན་རྐྱེན།  དཔལ་འབྱོར་མངའ་དབང་སོགས་གང་ཐད་ནས་འཛམ་བུའི་གླིང་འདིར་མིག་དཔེ་བསྔགས་འོས་སུ་གྱུར་བ་དེའི་གྲོང་ཁྱེར་ཛུས་རིག་གི་མཚོ་གླིང་གི་མཚོ་མགོར་གནས་ཤིང།  མངའ་སྡེ་སནཌི་གྷལན་གྱི་གྲོང་སྡེ་ཆེ་གྲས་མཛེས་སྡུག་ལྡན་པའི་ཡུལ་ར་པརསི་ཝིལ། ཡོ་ན་ས་ཁུལ་དུ།  ལོ་ངོ་བཞིའི་རྗེས་ཤིན་ཏུ་གཞི་རྒྱ་ཆེ་བའི་མཚོ་གླིང་གི་མཚན་མོའི་དུས་ཆེན་(Seenachtfest Rapperswil-Jona) གོ་སྒྲིག་བྱས་འདུག  དུས་ཆེན་འདིར་ཤོག་འབག་རྒྱག་པ་དང་།  གནམ་གྲུ་བསྐོར་བསྐྱོད་ཀྱི་རིག་རྩལ། 

རོལ་གཞས་མཁས་ཅན་སོགས་གཟིགས་མོའི་ལས་རིམ་རྣམ་གྲངས་མང་ལ་སྤུས་ཁ་ཡག་པ་བལྟ་བྱེད་མིག་གི་དབང་པོ་འཕྲོགས་པ།  དེ་བཞིན་འཛམ་གླིང་ཡུལ་གྲུ་བརྒྱ་ཕྲག་ནས་མི་སྣ་དང་།  རང་རང་ཟས་རིགས་འདྲ་མིན་སོགས་ལྗགས་བྲོ་ལྡན་པའི་ཞལ་ལག་ལོངས་སུ་སྤྱོད་རྒྱུ་བཅས་འདུག  ཐེངས་འདིའི་དུས་སྟོན་ནང་བོད་མིའི་ཞལ་ལག་འཚོང་མི་ཁག་ལྔ་དང་།  བཅའ་དངོས་རྒྱན་ཆ་ཡོད་པའི་ཚོང་ཁག་གཅིག་བཅས་འདུག   ཚོང་གི་ཁེ་ཕན་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་གཟིགས་མོ་བ་འབུམ་ཕྲག་བརྒལ་བའི་མི་འཚོགས་ཆེན་པོ་ཡོད་པའི་སྐབས་འདིར་བོད་དང་བོད་མིའི་དྲིལ་བསྒྲགས་ངོ་སྤྲོད་གང་ལེགས་རང་ཤུགས་ཡོང་གི་ཡོད་པའི་འཚོར་སྣང་བྱུང།  གང་ལྟར་གཟིགས་མོ་བ་ཚོས་བོད་པའི་ཞལ་ལག་ལ་དགའ་མོས་ཆེན་པོས་ལོངས་སུ་སྤྱོད་པ་ཙམ་མ་ཟད་ཞིམ་པོ་དང་བྲོ་བ་ཆེན་པོ་ཡོད་པའི་བསྔགས་བརྗོད་གནང་མི་ཡང་གང་མང་འདུག་པའི་གནས་ཚུལ་སྙིང་བསྡུས།  སྒོ་སྤེ་ཡོན་ཏན།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།