༢༠༡༣ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་འཇི་ནི་ཝར་སྤེལ་བའི་ལས་འགུལ།

དེ་ཡང་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་  ༡༥ པའི་ས་གནས་འཐུས་ཚོགས་ནས་གྲོས་ཆོད་གཏན་འབེབས་བྱས་པ་གཞིར་བཟུང་སུད་སི་གྲོང་ཁྱེར་འཇི་ནི་ཝར་གཏན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་བཅས་པར།  བོད་ནང་གི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་དུ་རང་དབང་གི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་དགོས་པའི་ཞུ་བསྐུལ་གྱི་ལས་འགུལ་ཞིག་སྤེལ་བ་དང་།  དེ་དག་མུ་མཐུད་འཇུག་སྐྱོང་ཞུ་བཞིན་ཡོད།

དེ་ཡང་ལས་འགུལ་འདི།  ༢༠༡༡  ཕྱི་ཟླ་ ༥  ཚེས་ ༣༠  ཉིན་མཛད་སྒོ་གཟབ་རྒྱས་དང་བཅས་མི་མང་  ༥༠༠ བརྒལ་བ་འདུ་འཛོམས་ཀྱིས་འགོ་འཛུགས་ཞུས་པ་རེད།  དེ་ནས་བཟུང་ད་བར་ས་གནས་ཚོགས་ཆུང་ཆ་བགོས་ཀྱིས་ཟླ་བ་རེར་ཐེངས་རེ་གོང་གསལ་ས་ཁུལ་དུ་བརྗོད་གཞི་འདྲ་མིན་ཐོག་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད།   དཔེར་ན།  ཆོས་དད་རང་དབང་།  མི་རིགས་འདྲ་མཉམ།  ཆབ་སྲིད་བཙོན་པའི་གནས་སྟངས།  བེུད་ལ་མནར་གཅོད་དང་སྐྱེ་སྒོ་འགོག་པ།  འགྲོ་བ་མིའི་ཐོབ་ཐང་།  སྨྲ་བརྗོད་རང་དབང་དང་།  པཎ་ཆེན་རིན་པོ་ཆེ་དབུས་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་སྒྲོལ་དགོས་པ་སོགས།  དེ་ཡང་གང་ཐུབ་འཁྲབ་སྟོན་གྱི་ལམ་ནས་ངོ་སྤྲོད་གསལ་བཤད་ཞུ་ཐབས་བྱས་ཡོད། གཞི་རྩའི་ད་རེས་ལས་འགུལ་འདི་བོད་ནང་གི་ཛ་དྲག་གནས་བབ་ཐོག་རྒྱ་གཞུང་གིས་དྲག་གནོན་རྫུན་གཏམ་ཧམ་བཤད་ཀྱིས་འཛམ་གླིང་ཡོངས་རྫོགས་མགོ་བསྐོར་གཏོང་ཐབས་བྱེད་པ་ཙམ་མ་ཚད།  མཁྲེགས་བཟུང་དང་ནོར་ཚབས་ཅན་གྱི་སྲིད་ཇུས་བཅས་ལ་ཡིད་མ་རེངས་བར་འ་ཆད་འུ་ཐུག་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་  ༡༡༩ སྐོར་ནས་རང་ལུས་མེར་བསྲེགས་བཏང་ཡོད།  བཀའ་ཤག་ནས་རྒྱ་གཞུང་གིས་ཧམ་བཤད་རྣམས་བདེན་འབྲས་ཡིན་མིན་བོད་ནང་རང་དབང་གི་རྟོགས་ཞིབ་དང་གསར་འགོད་པ་གཏོང་དགོས་པའི་སྦྲགས་གཏམ་ཀྱང་རིམ་པར་སྤེལ་བ་དང་ཡང་མཐུན་པ་བཅས་ཡིན།  ད་རིང་མི་གྲངས་ ༣༠༠ སྐོར་གྱི་ལས་འགུལ་འདི་སྤེལ་ནས་མི་ལོ་གཉིས་ཧྲིལ་པོར་འཁོར་བའི་དྲན་གསོ་ནུས་ཤུགས་ལྡན་པ་ཞིག་གནང་སོང་བ།   ཐོག་མར་ཚོགས་གཞོན་བསམ་པ་ལས་ནས་གུས་བསུ་དང་བཅས་ལས་རིམ་ངོ་སྤྲོད་ཞུས་པ་དང་།  མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་ལོ་གཉིས་ཀྱི་ནང་གི་ལས་བསྡོམས་སྙིང་བསྡུས་ཤིག་གསལ་གཤད་གནང་བ་མ་ཟད།  ད་ཕན་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས།

ཉིན་འདིར་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་ལགས།  ཡུ་རོབ་གཞོན་ནུའི་སྐུ་ཚབ།  སུད་སི་བོད་ཀྱི་བེུད་ཚོགས་པའི་སྐུ་ཚབ།  སུད་བོད་་་་་སོགས་ནས་གསུང་བཤད་གནང་སོང་བ་དང་།  དེ་བཞིན་སུད་སི་ཡུལ་མི་ཆབ་སྲིད་ཐོག་མཁས་སྙན་ཅན། Herr René Longet, Frau Marguerite Contat Hickel und ein Vertreter der Grünen Partei anstelle von Herrn Ueli Leuenberger. བཅས་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཚད་མེད་ཡོད་པའི་རྣམ་པ་མཚོན་འབྱེད་རྣོ་ངར་ལྡན་པའི་གསུང་བཤད་རིམ་པར་གནང་སོང་ལ།  བུས་དབང་བྱང་ཆུབ་ལགས་ནས་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་བསྐུལ་གནང་བ།  མི་མང་ཟློས་གར་ཚོགས་མི་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་ནས་རེ་ཞིག་མཇུག་འགྲིལ་གནང་སོང་བའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

ལས་­རིམ་­

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།