༢༠༡༢ ཟླ་ ༡༢ ཚེས་ ༣༡ ཉིན་ས་གནས་རི་ཀོན་དུ་མཆོད་འབུལ།

བོད་མི་སྐྱིད་སྡུག་མཉམ་མྱོང་ཡིན།
བླ་མའི་སྐུ་ཚེ་བརྟན་པར་གསོལ།
བོད་པའི་བདེན་ཐར་སེལ་བར་སྨོན།
འཛམ་གླིང་ཞི་བདེ་ཡོང་བར་སྨོན།

༄༅། ༢༠༡༢ ཟླ་ ༡༢  ཚེས་  ༣༡  ཉིན་ས་གནས་རི་ཀོན་འཐུས་མི་ནས་གྲ་སྒྲིག་ཞུས་ཏེ།  དགོང་དྲོ་ཆུ་ཚོད་ ༡༦ ནས་ ༡༩ ཐོག་རི་ཀོན་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ནང་དུ། རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་གདན་ཞུས་ཐོག་རང་རིགས་མི་མང་རྒྱད་བཅུ་སྐོར་འདུ་འཛོམས་ཐོག་ དེང་དུས་བོད་ནང་དུ་བཟོས་ཐབས་བྲལ་བའི་ཛ་དྲག་གི་གནས་སྟངས་འོག  གཅེས་པའི་རང་སྲོག་བློས་བཏང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་བསྔོ་སྨོན་མཚམས་སྦྱོར་གནད་སྨིན་ཐོག  མང་ཚོགས་ལ་གསོལ་ཇ་དང་ཞལ་ཏོག་དང་ དགེ་འདུན་རྣམས་པར་སྐུ་ཡོན་ཕུལ་སྟེ་ལས་དོན་དུས་ཐོག་གང་ལེགས་བྱུང་སོང་། འཇུག་ཏུ་མི་འཐུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པའི་གནས་ཚུལ་འདོར་བསྡུས་སུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སམས་རགས།