༄༅། ༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་འཁོར་སུད་སིར་༧ཞབས་སོར་བཀྲིན་ཆེ་བ་བཞིན་མཛད་པ་འཕྲིན་ལས་ཇི་བྱུང་སྙིང་བསྡུས་སུ་བཀོད་པ།

༢༠༡༦  ཕྱི་ཟླ་  ༥  ཚེས་  ༢༤ དགོང་དྲོ་ཛུས་རིག་ཉེ་འདབ་ཀ་མེ་ཧ་གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་པ་དང།   རེས་གཟའ་ལྷག་པ་ཕྱི་ཚེས་༢༥  ཉིན་པདྨ་བོད་སྨན་བསྟི་གནས་ཁང་།  རི་ཀོན་ཆོས་འཁོར་དགོན།  ཛུས་རིག་ཁུལ་འགྲོ་བ་མིའི་བདེ་རྩ་ཚོགས་པ་བཅས་སུ་གཟིགས་སྐོར་དང་བཀའ་སློབ་ལམ་སྟོན་སོགས་རིམ་པར་གནང་།  ཕྱི་ཚེས་  ༢༦  ཉིན་ཀུན་བཟང་མདོ་སྔགས་གླིང་ཚེས་བཅུ་ཚོགས་པས་གླིང་བྲོ་གཟིགས་འབུལ་དང་མཇུག་ཏུ་བཀའ་སློབ་ལམ་སྟོན་གཟབ་རྒྱས་བཀྲིན་བསྩལ།  སུད་སི་ཁུལ་གྱི་བཀའ་བརྒྱུད་ཡོངས་ལ་མཇལ་ཁ་བཅས།  ཕྱི་ཚེས་ ༢༧  ཉིན་ས་གནས་བོད་རིགས་མི་མང་གི་སྒྲིག་འཛུགས་ནས་རེ་བསྐུལ་ཞུས་དོན་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བཀའ་འདྲི་བཀའ་ལན།  ཉིན་རྒྱབ་སུད་སིར་གནས་བཞུགས་ཡུ་རོབ་སྤྱི་ཟུར་རྣམ་པ།  ས་གནས་འཐུས་ཚོགས།  ཚོགས་སྡེ་ཁག་གི་འགོ་ལས།  བོད་ཡིག་སློབ་གྲྭའི་དགེ་ལས་སོགས་འགན་ཡོད་ཡོངས་ལ་ཟུར་མཇལ་བཀའ་སློབ་དང་དྭོགས་འདྲི་ཁག་ལ་བཀའ་ལན་སོགས།

ཕྱི་ཚེས་  ༢༨  རེས་གཟའ་སྤེན་པའི་ཞོགས་པ་ཕྱག་ཚོད་ ༩་་༣༠  ནས་ཕྱག་ཚོད་  ༡༡་་༣༠  བར་དང་ཉིན་རྒྱབ་ཕྱག་ཚོད་ ༡༤་་༠༠ ནས་ཕྱག་ཚོད་  ༡༦་་༠༠  སྦུས་ལཀ་ཚོམ་ཆེན་དུ་དད་ལྡན་མི་མང་ཉིས་སྟོང་བརྒལ་བར་བློ་དྭོགས་རྣམ་བཞིའི་སྒོ་ནས་ནང་ཆོས་ངོ་སྤྲོད་དང་མཇུག་ཏུ་དྭོགས་འདྲི་ཁག་ལ་བཀའ་ལན་བཀྲིན་བསྩལ།  གསུང་ཆོས་དབུ་མ་བཙུགས་གོང་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་དབུ་བླ་ནམ་མཁའ་རིན་པོ་ཆེ་མཆོག་ནས་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྐུ་ཕྲེང་དང་པོ་ནས་བཅུ་བདུན་བར་གཟབ་ཅིང་རྒྱས་པ་ངོ་སྤྲོད་གནང་།  མཚམས་འདིར་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཕྲེང་ ༡༧  པའི་ཡང་སྲིད་དུ་ངོས་འཛིན་གནང་ཕྱོགས་སྐོར་སོགས་གསལ་པོ་ངོ་སྤྲོད་གནང་།

བོད་རིགས་མི་མང་ཡོངས་ལ་བླང་དོར་བྱེད་སྒོའི་བཀའ་སློབ་གཟབ་རྒྱས་བཀྲིན་ཆེ་བ།  བཀའ་སློབ་ཀྱི་ཐོག་མར་མི་མང་ཚོགས་གཙོ་མཆོག་ནས་གུས་བསུའི་འཚམས་འདྲི་དང་མཎི་ཡིག་དྲུག་མའི་འཇགས་ལུང་གནང་སྐྱོང་ཡོང་བའི་གསོལ་འདེབས་བཅས་ཞུས།  ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས།  མཎི་བཀའ་ལུང་དང་བཀའ་སློབ་ཕེབས་གསལ།  ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་དགོངས་དོན་ང་ཚོ་ཚང་མ་མཐུན་སྒྲིལ་རྡོག་རྩ་ཆིག་བསྒྲིལ་དགོས་པ་ཧ་ཅང་གལ་ཆེ་ཡིན་ལ།  བར་སྐབས་སྲིད་སྐྱོང་འོས་བསྡུའི་གནས་སྟངས་ཐད་ཐལ་ཆ་ཆེ་ཙམ་བྱུང་ཡོད།  ནམ་རྒྱུན་དོ་སྣང་ཞེ་དྲག་རང་མེད།  ཡིན་ནའང་དགྲ་དགའ་གཉེན་སྡུག་གི་གནས་སུ་མ་འགྲོ་བ་ངེས་པར་དགོས་པ།  ༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བཞིན་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་ཆིག་སྒྲིལ།  སྐད་ཡིག་ལ་སྲུང་སྐྱོབས་ནུས་པ་ལྡན་པ་བྱེད་གལ།  རིན་པོ་ཆེ་མཆོག་ཉིད་ཀྱང་རྒྱ་སྐད།  དབྱིན་སྐད་སོགས་ཐུགས་སྣང་གནང་ཡོད་ལ།  བོད་མི་ཞིག་ནས་བོད་མི་རང་གི་སྐད་ཡིག་ཐོག་དོ་སྣང་དགོས་པ་གལ་ཆེ་ཡིན་པ་བཅས་མདོར་དོན་སྐད་ཡིག་ལ་དོ་སྣང་དང་།  ནང་ཁུལ་མཐུན་སྒྲིལ་དམ་གཟབ་དགོས་པ་སོགས་དང་དྲི་བ་ཁག་ལ་བཀའ་ལན་གནང་སོང་།  མཇུག་བསྡོམས་ཚོགས་གཞོན་མཆོག་ནས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་། 

ཕྱི་ཚེས་  ༢༩  རེས་གཟའ་ཉི་མ་ཉིན་ཞོགས་པ་ཕྱག་ཚོད་ ༩་་༣༠  ནས་ཕྱག་ཚོད་  ༡༡་་༣༠  བར་དང་ཉིན་རྒྱབ་ཕྱག་ཚོད་ ༡༤་་༠༠ ནས་ཕྱག་ཚོད་  ༡༦་་༠༠  ༧རྒྱལ་ཀུན་སྙིང་རྗེའི་རང་གཤིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་ཟབ་མོ་བཀྲིན་བསྐྱང་།  གསུང་ཆོས་བར་སེང་ཁག་ཏུ་བཟང་སྤྱོད་དང་ལྡན་པའི་ཐོག་ནས་མི་ཚེ་སྐྱེལ་ཐབས་བཅས་ཀྱི་བཀའ་སློབ་གཟབ་རྒྱས་གནང་སོང་ལ།  རིན་པོ་ཆེ་མཆོག་ཉིད་འཁྲུངས་ཡུལ་ས་ཁུག་ཞིག་ཏུ་སོང་ཐུགས་མྱོང་ཆེན་པོ་བྱུང་མེད།  རང་འབྱུང་འཁོར་ཡུག་ལ་གུས་བརྩི་ཆེན་པོ་ཡོད་གནས།  རྨོངས་དད་དང་སྲོལ་རྒྱུན་བཅས་པར་གུས་བརྩི་ཆེན་པོ་ཡོད།  དེ་སྔ་བོད་ནང་གད་རྙིགས་ཉུང་ལ་གྱིག་དམ་སོགས་མེད།  འདོད་ཆུང་ཆོག་ཤེས་ཀྱི་མི་ཚེ་སྐྱེལ་བ་ཡིན་ལ་དེ་ནི་ནང་ཆོས་དང་འབྲེལ་བ་དམ་གཟབ་ཡོད།  མདོར་དོན་བོད་ཀྱི་སྣོད་གཅུད་གཉིས་ལ་སྔར་བྱུང་མྱོང་མེད་པའི་དཀའ་ངལ་འཇིགས་པ་འདྲ་པོ་ཞིག་འཕྲད་ནས་ང་ཚོ་གཞིས་བྱེས་གཉིས་སུ་བྲལ་དགོས་ཡག་ཆགས་པ་རེད།  ཡིན་ནའང་གཙོ་ཆེན་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཆོས་སྲིད་གཉིས་ཀྱི་ཐུགས་རྗེ་བཀྲིན་ལ་རྟེན་ནས་ཆོས་བརྒྱུད་ཡོངས་ནས་བཀའ་དགོངས་ཚུལ་བཞིན་བརྟེན་པ་དང་བོད་མི་ཡོངས་རྫོགས་དམ་ཚིག་ཆིག་སྒྲིལ་བྱེད་དགོས།  ༧རྒྱལ་བ་རིན་པོ་ཆེས་དགུང་གྲངས་བཅུ་དྲུག་ནས་སྐུ་ངལ་འཛད་མེད་གནང་བའི་བཀྲིན་རྗེས་དྲན་ཐོག་བཀྲིན་རྗེས་དྲན་ཞུ་མ་ཐུབ་རུང་ཐུགས་དགོངས་པ་མ་འཁྲུག་པ་ཞིག་ངེས་པར་བྱེད་དགོས་པའི་ཆོད་སེམས་དམ་བཅའ་གཙང་མ་ཞིག་དགོས་པ་སོགས་བཀའ་སློབ་གཟབ་རྒྱས་གནང་། 

མཇུག་བསྡོམས་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་འགན་འཛིན་ནས་ད་རེས་སྐྱབས་མགོན་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་འཁོར་ཞབས་སོར་བཀྲིན་ཆེ་བ་དང་ཆབས་ཅིག་མཛད་འཕྲིན་ཕུན་སུམ་ཚོགས་པ་བྱུང་སོང་བ་བཅས་ལ་བཀྲིན་ཆེ་ཞུ་རྒྱུ་ཡིན།  དེ་བཞིན་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་མཐུན་འགྱུར་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུས།  དེ་བཞིན་རི་ཀོན་ཆོས་འཁོར་དགོན་དང་།  ཀུན་བཟང་མདོ་སྔགས་གླིང་ཚེས་བཅུ་ཚོགས་པ།  སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་འཐུས་རྣམ་པ་བཅས་འབྲེལ་ཡོད་རྣམས་ནས་མཐུན་གྱུར་བླ་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་སོགས་གསུངས།  བྱུང་སོང་བསྡད་གསུམ་གྱི་དངུལ་འབོར་རྩིས་ཁྲ་རོབ་རྩིས་ཙམ་གསལ་བཤད་གནང་སོང་ལ་སུད་སི་བོད་རིགས་མི་མང་གི་སྒྲིག་འཛུགས་ལ་སྒོར་ཆིག་ཁྲི་ཐམ་པ་གནང་རྒྱུ་བཅས་གསལ་བཤད་དང་འབྲེལ་ཐེངས་འདིའི་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་འཁོར་སུད་སིར་༧ཞབས་སོར་བཀྲིན་ཆེ་བའི་མཛད་འཕྲིན་སྙིང་བསྡུས་སུ།    ༄༅།  ༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་འཁོར་སུད་སིར་
༧ཞབས་སོར་བཀྲིན་ཆེ་བ་བཞིན་མཛད་པ་འཕྲིན་ལས་ཇི་བྱུང་སྙིང་བསྡུས་སུ་བཀོད་པ།

དེ་ཡང་༧དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་སྐུ་འཁོར་ཧྲག་བསྡུས་ཤིག་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་དབུ་བླ་ནམ་མཁའ་རིན་པོ་ཆེ་མཆོག་དང་འདུས་མང་ནས་སྐུ་ངལ་ལྷུར་ལེན་མཛད་པ་བཞིན་ད་ཕན་བདུན་གཉིས་ལྷག་ཙམ་རིང་གི་མཛད་པ་འཕྲིན་ལས་དགའ་གུས་ཡི་རངས་གནས་སུ་གྱུར།

༢༠༡༦  ཕྱི་ཟླ་  ༥  ཚེས་  ༢༤ དགོང་དྲོ་ཛུས་རིག་ཉེ་འདབ་ཀ་མེ་ཧ་གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་པ་དང།   རེས་གཟའ་ལྷག་པ་ཕྱི་ཚེས་ ༢༥  ཉིན་པདྨ་བོད་སྨན་བསྟི་གནས་ཁང་།  རི་ཀོན་ཆོས་འཁོར་དགོན།  ཛུས་རིག་ཁུལ་འགྲོ་བ་མིའི་བདེ་རྩ་ཚོགས་པ་བཅས་སུ་གཟིགས་སྐོར་དང་བཀའ་སློབ་ལམ་སྟོན་སོགས་རིམ་པར་གནང་།  ཕྱི་ཚེས་  ༢༦  ཉིན་ཀུན་བཟང་མདོ་སྔགས་གླིང་ཚེས་བཅུ་ཚོགས་པས་གླིང་བྲོ་གཟིགས་འབུལ་དང་མཇུག་ཏུ་བཀའ་སློབ་ ལམ་སྟོན་གཟབ་རྒྱས་བཀྲིན་བསྩལ།  སུད་སི་ཁུལ་གྱི་བཀའ་བརྒྱུད་ཡོངས་ལ་མཇལ་ཁ་བཅས།  ཕྱི་ཚེས་ ༢༧  ཉིན་ས་གནས་བོད་རིགས་མི་མང་གི་སྒྲིག་འཛུགས་ནས་རེ་བསྐུལ་ཞུས་དོན་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བཀའ་འདྲི་བཀའ་ལན།  ཉིན་རྒྱབ་སུད་སིར་གནས་བཞུགས་ཡུ་རོབ་སྤྱི་ཟུར་རྣམ་པ།  ས་གནས་འཐུས་ཚོགས།  ཚོགས་སྡེ་ཁག་གི་འགོ་ལས།  བོད་ཡིག་སློབ་གྲྭའི་དགེ་ལས་སོགས་འགན་ཡོད་ཡོངས་ལ་ཟུར་མཇལ་བཀའ་སློབ་དང་དྭོགས་འདྲི་ཁག་ལ་བཀའ་ལན་སོགས།

ཕྱི་ཚེས་  ༢༨  རེས་གཟའ་སྤེན་པའི་ཞོགས་པ་ཕྱག་ཚོད་ ༩་་༣༠  ནས་ཕྱག་ཚོད་  ༡༡་་༣༠  བར་དང་ཉིན་རྒྱབ་ཕྱག་ཚོད་ ༡༤་་༠༠ ནས་ཕྱག་ཚོད་  ༡༦་༠༠  ས་ལཀ་ཚོམ་ཆེན་དུ་དད་ལྡན་མི་མང་ཉིས་སྟོང་བརྒལ་བར་བློ་དྭོགས་རྣམ་བཞིའི་སྒོ་ནས་ནང་ཆོས་ངོ་སྤྲོད་དང་མཇུག་ཏུ་དྭོགས་འདྲི་ཁག་ལ་བཀའ་ལན་བཀྲིན་བསྩལ།  གསུང་ཆོས་དབུ་མ་བཙུགས་གོང་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་དབུ་བླ་ནམ་མཁའ་རིན་པོ་ཆེ་མཆོག་ནས་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྐུ་ཕྲེང་དང་པོ་ནས་བཅུ་བདུན་བར་གཟབ་ཅིང་རྒྱས་པ་ངོ་སྤྲོད་གནང་།  མཚམས་འདིར་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཕྲེང་ ༡༧  པའི་ཡང་སྲིད་དུ་ངོས་འཛིན་གནང་ཕྱོགས་སྐོར་སོགས་གསལ་པོ་ངོ་སྤྲོད་གནང་།

བོད་རིགས་མི་མང་ཡོངས་ལ་བླང་དོར་བྱེད་སྒོའི་བཀའ་སློབ་གཟབ་རྒྱས་བཀྲིན་ཆེ་བ།  བཀའ་སློབ་ཀྱི་ཐོག་མར་མི་མང་ཚོགས་གཙོ་མཆོག་ནས་གུས་བསུའི་འཚམས་འདྲི་དང་མཎི་ཡིག་དྲུག་མའི་འཇགས་ལུང་གནང་སྐྱོང་ཡོང་བའི་གསོལ་འདེབས་བཅས་ཞུས།  ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས།  མཎི་བཀའ་ལུང་དང་བཀའ་སློབ་ཕེབས་གསལ།  ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་དགོངས་དོན་ང་ཚོ་ཚང་མ་མཐུན་སྒྲིལ་རྡོག་རྩ་ཆིག་བསྒྲིལ་དགོས་པ་ཧ་ཅང་གལ་ཆེ་ཡིན་ལ།  བར་སྐབས་སྲིད་སྐྱོང་འོས་བསྡུའི་གནས་སྟངས་ཐད་ཐལ་ཆ་ཆེ་ཙམ་བྱུང་ཡོད།  ནམ་རྒྱུན་དོ་སྣང་ཞེ་དྲག་རང་མེད།  ཡིན་ནའང་དགྲ་དགའ་གཉེན་སྡུག་གི་གནས་སུ་མ་འགྲོ་བ་ངེས་པར་དགོས་པ།  ༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བཞིན་ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་ཆིག་སྒྲིལ།  སྐད་ཡིག་ལ་སྲུང་སྐྱོབས་ནུས་པ་ལྡན་པ་བྱེད་གལ།  རིན་པོ་ཆེ་མཆོག་ཉིད་ཀྱང་རྒྱ་སྐད།  དབྱིན་སྐད་སོགས་ཐུགས་སྣང་གནང་ཡོད་ལ།  བོད་མི་ཞིག་ནས་བོད་མི་རང་གི་སྐད་ཡིག་ཐོག་དོ་སྣང་དགོས་པ་གལ་ཆེ་ཡིན་པ་བཅས་མདོར་དོན་སྐད་ཡིག་ལ་དོ་སྣང་དང་།  ནང་ཁུལ་མཐུན་སྒྲིལ་དམ་གཟབ་དགོས་པ་སོགས་དང་དྲི་བ་ཁག་ལ་བཀའ་ལན་གནང་སོང་།  མཇུག་བསྡོམས་ཚོགས་གཞོན་མཆོག་ནས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང། 

ཕྱི་ཚེས་  ༢༩  རེས་གཟའ་ཉི་མ་ཉིན་ཞོགས་པ་ཕྱག་ཚོད་ ༩་་༣༠  ནས་ཕྱག་ཚོད་  ༡༡་་༣༠  བར་དང་ཉིན་རྒྱབ་ཕྱག་ཚོད་ ༡༤་་༠༠ ནས་ཕྱག་ཚོད་  ༡༦་་༠༠  ༧རྒྱལ་ཀུན་སྙིང་རྗེའི་རང་གཤིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་ཟབ་མོ་བཀྲིན་བསྐྱང་།  གསུང་ཆོས་བར་སེང་ཁག་ཏུ་བཟང་སྤྱོད་དང་ལྡན་པའི་ཐོག་ནས་མི་ཚེ་སྐྱེལ་ཐབས་བཅས་ཀྱི་བཀའ་སློབ་གཟབ་རྒྱས་གནང་སོང་ལ།  རིན་པོ་ཆེ་མཆོག་ཉིད་འཁྲུངས་ཡུལ་ས་ཁུག་ཞིག་ཏུ་སོང་ཐུགས་མྱོང་ཆེན་པོ་བྱུང་མེད།  རང་འབྱུང་འཁོར་ཡུག་ལ་གུས་བརྩི་ཆེན་པོ་ཡོད་གནས།  རྨོངས་དད་དང་སྲོལ་རྒྱུན་བཅས་པར་གུས་བརྩི་ཆེན་པོ་ཡོད།  དེ་སྔ་བོད་ནང་གད་རྙིགས་ཉུང་ལ་གྱིག་དམ་སོགས་མེད།  འདོད་ཆུང་ཆོག་ཤེས་ཀྱི་མི་ཚེ་སྐྱེལ་བ་ཡིན་ལ་དེ་ནི་ནང་ཆོས་དང་འབྲེལ་བ་དམ་གཟབ་ཡོད།  མདོར་དོན་བོད་ཀྱི་སྣོད་གཅུད་གཉིས་ལ་སྔར་བྱུང་མྱོང་མེད་པའི་དཀའ་ངལ་འཇིགས་པ་འདྲ་པོ་ཞིག་འཕྲད་ནས་ང་ཚོ་གཞིས་བྱེས་གཉིས་སུ་བྲལ་དགོས་ཡག་ཆགས་པ་རེད།  ཡིན་ནའང་གཙོ་ཆེན་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཆོས་སྲིད་གཉིས་ཀྱི་ཐུགས་རྗེ་བཀྲིན་ལ་རྟེན་ནས་ཆོས་བརྒྱུད་ཡོངས་ནས་བཀའ་དགོངས་ཚུལ་བཞིན་བརྟེན་པ་དང་བོད་མི་ཡོངས་རྫོགས་དམ་ཚིག་ཆིག་སྒྲིལ་བྱེད་དགོས།  ༧རྒྱལ་བ་རིན་པོ་ཆེས་དགུང་གྲངས་བཅུ་དྲུག་ནས་སྐུ་ངལ་འཛད་མེད་གནང་བའི་བཀྲིན་རྗེས་དྲན་ཐོག་བཀྲིན་རྗེས་དྲན་ཞུ་མ་ཐུབ་རུང་ཐུགས་དགོངས་པ་མ་འཁྲུག་པ་ཞིག་ངེས་པར་བྱེད་དགོས་པའི་ཆོད་སེམས་དམ་བཅའ་གཙང་མ་ཞིག་དགོས་པ་སོགས་བཀའ་སློབ་གཟབ་རྒྱས་གནང་། 

མཇུག་བསྡོམས་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་འགན་འཛིན་ནས་ད་རེས་སྐྱབས་མགོན་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་འཁོར་ཞབས་སོར་བཀྲིན་ཆེ་བ་དང་ཆབས་ཅིག་མཛད་འཕྲིན་ཕུན་སུམ་ཚོགས་པ་བྱུང་སོང་བ་བཅས་ལ་བཀྲིན་ཆེ་ཞུ་རྒྱུ་ཡིན།  དེ་བཞིན་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་མཐུན་འགྱུར་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུས།  དེ་བཞིན་རི་ཀོན་ཆོས་འཁོར་དགོན་དང་།  ཀུན་བཟང་མདོ་སྔགས་གླིང་ཚེས་བཅུ་ཚོགས་པ།  སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་འཐུས་རྣམ་པ་བཅས་འབྲེལ་ཡོད་རྣམས་ནས་མཐུན་གྱུར་བླ་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་སོགས་གསུངས།  བྱུང་སོང་བསྡད་གསུམ་གྱི་དངུལ་འབོར་རྩིས་ཁྲ་རོབ་རྩིས་ཙམ་གསལ་བཤད་གནང་སོང་ལ་སུད་སི་བོད་རིགས་མི་མང་གི་སྒྲིག་འཛུགས་ལ་སྒོར་ཆིག་ཁྲི་ཐམ་པ་གནང་རྒྱུ་བཅས་གསལ་བཤད་དང་འབྲེལ་ཐེངས་འདིའི་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་འཁོར་སུད་སིར་༧ཞབས་སོར་བཀྲིན་ཆེ་བའི་མཛད་འཕྲིན་སྙིང་བསྡུས་སུ་སྒོ་སྤེ་ཡོན་རྒྱས།

 འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།