༄༅།། ར་པརསི་ཝིལ་ཡོ་ན་བོད་ཡིག་སློབ་གྲྭ

༄༅།།  ར་པརསི་ཝིལ་ཡོ་ན་བོད་ཡིག་སློབ་གྲྭའི་དགེ་ལས་རྣམ་པའི་གོ་སྒྲིག་གིས་སློབ་ཕྲུག་རང་ལོ་ལྔ་ནས་བཅུ་གཉིས་བར་ཕྲུ་གུ་བཅུ་བདུན་ཉིན་ལྔའི་རིང་རི་མགོར་གུང་སེང་ཕྱིན་པ་རེད།དེ་ཡང་ཕྱི་ཟླ་ ༨ ཚེས་ ༨རེས་གཟའ་ཟླ་བའི་སྔ་དྲོ་ཚོུད་ ༩་༠༠ ཐོག་མགྲོན་ཁང་ཁོརོཚའི་ཐང་སྟེང་དུ་མཉམ་འཛོམས་ཀྱིས་ཚོུད་ ༩་༤༥ ཙམ་ལ་ཐོན།ཚོུད་ ༡༡་༠༠ ཙམ་ལ་ཕུ་ལུམ་སར་བེརགྷ་སྡོད་ཁང་དུ་འབྱོར།  ཚོུད་༡༢་༠༠ཙམ་ལ་ཉིན་གུང་གསོལ་ཚིགས་མཆོད་རྗེས་རི་ལ་འཆམ་འཆམ་སོང་།རེས་གཟའ་མིག་དམར་དང་ཕུར་བུ་གཉིས་ལ་གནམ་གཤིས་གྲང་ཆར་བཅས་ལ་བརྟེན་ཁང་པའི་ནང་ཆུ་རྐྱལ་རྩེད་དུ་འཁྲིད།  རེས་གཟའ་ལྷག་པའི་ཉིན་རི་ཀོན་ཆོས་འཁོར་དགོན་ནས་མཁན་པོ་མཆོག་གདན་འདྲེན་ཞུས།  ཕྲུ་གུ་དང་ལས་བྱེད་རྣམས་ནས་བོད་ཆས་གྱོན་ཏེ་ཕྱག་ལ་མཇལ་དར་བསྣམ་ནས་མཁན་པོ་མཆོག་ལ་ཕེབས་བསུ་ཞུས།  དེ་ནས་མཁན་པོ་མཆོག་ནས་ཚོུད་གཉིས་ཙམ་རིང་ཕྲུ་གུ་རྣམས་ལ་རྩེད་མོ་དང་སྦྲགས་མི་ཚེའི་ནང་མི་བཟང་པོ་དང་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས་ལུགས་ལམ་སྟོན་བཀའ་སློབ་གནང་།   དེ་མིན་ཉིན་ལྟར་སྔ་དྲོ་བོད་ཡིག་སྐྱར་སྦྱོང་དང་ཞལ་འདོན་མཆོད་པ་འབུལ་སྟངས་བཅས་སློབ་འཁྲིད་གནང་།   དགོང་དྲོ་བོད་ཀྱི་སྒྲུང་གཏམ།  བོད་ཀྱི་ཞབས་གཞས་འཁྲབ་འཁྲིད་དང་རྩེད་མོ་འདྲ་མིན་གོ་སྒྲིག་ཞུས་པར་ཚང་མ་དགའ་སྐྱིད་ངང་མཉམ་ཞུགས་བྱས།  རེས་གཟའ་པ་སངས་ཉིན་གུང་གསོལ་ཚིགས་རྗེས་སྡོད་ཁང་གཙང་མ་བཟོས་ནས་ཚོུད་ ༡༦་༠༠ ཕྱིར་ལོག་གིས་མགྲོན་ཁང་ཁོརོཚེའི་ཐང་སྟེང་དུ་འབྱོར་ནས་ཕྲུ་གུ་རྣམས་རང་རང་ཕ་མ་རྣམ་པར་བདེ་པོའི་ངང་རྩིས་སྤྲོད་ཀྱིས་ཚང་མ་བཀྲིས་ལོ་ལེགས་ཀྱི་ངང་རང་རང་གི་ཁྱིམ་དུ་ལོག་སོང་བ་བཅས་བོད་སློབ་དགེ་ལས་ཐོུང་ནས།   མཚོ་ནང་བློ་བཟང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སམས་རགས།