༄༅།།ས་གནས་སྦན་ཚོགས་ཆུང་ནས་བསྔོ་སྨོན་ཞུས་པ།

༄༅།།ས་གནས་སྦན་ཚོགས་ཆུང་ནས་༢༠༡༦ཟླ་༣ཚེས་༡༣ཉིན་ས་གནས་སུ་ཆོས་དང་རིག་གཞུང་གི་གཙོ་འཛིན་ངག་དབང་དཀོན་མཆོག་ལགས་དང་།ཨོ་རྒྱན་བཀྲིས་ཀྱི་ཟ་ཟླ་དཔལ་སྒྲོན་ལགས་གཉིས།

དེ་བཞིན་གཉེར་པ་རྒན་གྲ་ལོ་རྡོ་རྗེ་ལགས་ནས་གཙོ་བོ་ཐུགས་འགན་བཞེས་ནས་ས་གནས་རྒྱུན་ལས་འགའ་དང་བཅས་ཏེ།དེ་རིང་ཉིན་རྒྱབ་ཆུ་ཚོད་༢ནས་༤བར་།གཙོ་ཆེ་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཆ་དང་།དེ་བཞིན་ཉེ་ལམ་སྔ་འགྱུར་རྙིང་མའི་དབུ་འཛིན་ལས་ཐོག་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ།དེ་དང་ལྷན་དུ་སྤྱི་འཐུས་ལས་ཐོག་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་བཅས་ཀྱི་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ།དེ་དང་མཉམ་དུ་བོད་ནང་གི་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུས་ལགས་དང་།རྒྱ་གར་འཕགས་ཡུལ་གྱི་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་གཉིས་ཀྱི་རང་ལུས་མེར་སྲེག་སོགས་ཀྱི་ཆེད།ས་གནས་སུ་མི་གྲངས་༧༠ཙམ་ལྷན་འཛོམས་ཀྱིས་སྤྱན་རས་གཟིགས་གཟུངས་སྔགས་༡༥༠༠སྒྲོལ་མའི་གཟུངས་སྔགས་༡༥༠༠སངས་རྒྱས་སྨན་ལྷའི་གཟུངས་སྔགས་༥༠༠གུ་རུའི་གཟུངས་སྔགས་༡༠༠༠བཅས་གྲངས་གསོག་བྱ་རྒྱུའི་སྐལ་བཟང་བྱུང་བར་སྤྱི་མཐུན་གྱི་ཚོགས་གསག་གྲིབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་བ་བཞིན་གནས་ཚུལ་འགོད་པ་པོ་སྦན་ས་འཐུས་དཔལ་ཁང་དཔལ་ལྡན་ནས་༢༠༡༦ཟླ་༣ཚེས་༡༣ལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སམས་རགས།