༄༅།།ཕྱི་ལོ ༢༠༡༥ ཕྱི་ཟླ་ ༠༣ ཚེས་ ༢༢ རེས་སྦན་ས་གནས་འཐུས་མི་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ།

ཐོག་མར་ས་འཐུས་འཕེལ་སྣེ་ཚང་བློ་བཟང་ནས་ཚང་མར་གུས་བཏུད་དང་འཚམས་འདྲི་ཞུས་གནང་།  དེ་རིང་ནི་ལོ་ངོ་གསུམ་རིང་ལས་འཁུར་ཞུས་ནས་ང་ཚོ་སྦན་ཚོཊ་ཆུང་སྐབས་༡༥པས་སྐབས་༡༦པ་ལ་རྩིས་སྤྲོད་རྩིས་ལེན་གྱི་ཉིན་མོ་དེ་རེད།  འདས་ཟིན་པའི་ལོ་གསུམ་རིང་ལ་མི་མང་གི་རེ་བ་ཡིད་ཆེས་དང་བཅས་ཏེ་འོས་གནང་བ་བཞིན་གུས་ནས་ཀྱང་རང་ནུས་ཅི་ཐུབ་ཀྱི་སྤྱི་ཚོགས་ཞབས་ཕྱི་ཞུ་ཡག་གི་གོ་སྐབས་བཟང་པོ་བྱུང་།  ལྷག་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སུད་སི་དུ་ཐེངས་གཉིས་ཆིབས་བསྒྱུར་བཀའ་དྲིན་སྐྱོང་བ་དང་ལྷག་པར་དུ་འདི་ལོའི་ཆིབས་བསྒྱུར་གྱིས་སྐོར་ལ་གསལ་བཤད་མང་པོ་ཞུ་མ་དགོས་པ་ཚང་མའི་མཁྱེན་གསལ་རེད།  མདོར་བསྡུས་ནས་ཞུས་པ་ཡིན་ན་ཧ་ཅང་སྐལ་པ་བཟང་པོ་དང་།  ༧གོང་ས་མཆོག་ཀྱང་ཐུགས་དགྱེས་པོ་གནང་སོང་།  མཛད་འཕྲིན་ཧ་ལས་པ་བྱུང་ཡོད་པ་ནི་ང་ཚོ་སུད་སི་བོད་རིགས་མི་མང་རྣམས་ཀྱིས་བསོད་ནམས་རེད།  མ་འོངས་པ་ལ་ཡིན་ན་ཡང་དེ་བཞིན་ཡོང་བའི་རེ་སྨོན་ཞུ་ཡག་ཡིན།མཇལ་ཁ་ཐེངས་གཉིས་འཐུས་མིའི་མིང་ཐོག་ནས་རག་པ་དེ་ཡང་མི་མང་ཁྱེད་རྣམས་ཀྱི་བཀྲིན་ལ་བརྟེན་ནས་ཡིན་པ་སྨྲོས་མེད་རེད།དེ་བཞིན་བཀའ་ཟུར་དང་།དཔལ་ལྡན་སྲིད་སྐྱོང་།  དཔལ་ལྡན་ཚོགས་གཙོ།  དཔལ་ལྡན་བཀའ་བློན་དང་།མདོར་ན་མཛད་གཙོ་མང་དག་ཞིག་ལ་ཕེབས་བསུ་དང་མཇལ་འཛོམས་སྐལ་བཟང་གོ་སྐབས་བཟང་པོ་བྱུང་། དེ་བཞིན་བོད་དོན་ཐོག་ལ་མཚོན་ན་ཡང་གྲོང་ཁྱེར་འཇི་ནི་ཝ་བ་གཙོས་པའིི་ཛུ་རིག་བེལ་ཇམ་རྒྱལ་ས་བུ་རུ་སེལ།ཕ་རན་སི་རྒྱལ་ས་པེ་རིསི་སོགས་ཚང་མ་ལ་ས་གནས་གཞན་དང་གཅིག་མཚུངས་ཙམ་མ་ཟད་ས་གནས་སྦན་ནས་ཕ་རན་སི་ལ་མི་འབོར་ཆེ་བ་དང་སྤྱི་སྤྱོད་རླངས་འཁོར་ཆེ་བ་ཐོག་ཚད་གཉིས་ལྡན་གླ་བ་སོགས་ཀྱི་གོ་སྐབས་བྱུང་ཡོད།དེ་རིགས་ཕྲན་བུ་ཞིག་གསལ་བཤད་ཞུ་དགོས་པ་མཐོང་སོང་།

དེ་བཞིན་ས་གནས་བོད་ཡིག་སློ་གྲྭ་ལ་ཆ་བཞག་ན་ཡང་བོད་པའི་སྐད་དང་རིག་གཞུང་གལ་གནད་ཆེན་པོ་ཡིན་པ་ལ་རྟེན་ནས་འགྲོ་གྲོན་གང་མཚམས་བཏང་ནས་གང་ཡོང་ཅི་ཡོང་བྱས་ནས་ད་ཆ་ཡག་ཐག་ཆོད་ཡོད།དེ་ཡང་གཙོ་བོ་ས་གནས་རྒྱུན་ལས་རྣམས་ཀྱི་རྒྱབ་སྐྱོར་འོག་འགན་འཛིན་དང་དགེ་རྒན་ཕ་མ་མི་མང་ཚང་མ་མཉམ་རུབ་གནང་བའི་འབྲས་བུར་ངོས་འཛིན་བྱེད་ཀྱི་ཡོད།ཆོས་དང་རིག་གཞུང་།དཔལ་འབྱོར་བསྡུ་འགོད།ཡུལ་མི་དང་འབྲེལ་མཐུད།བོད་རིགས་ནང་ཁུལ་མཐུན་འབྲེལ།གང་ས་ཅི་ཐད་ལ་མི་དམན་པ་བྱུང་ཡོད་པ་ནི་ང་ཚོ་ཚང་མ་གཅིག་ཏུ་བསྒྲིལ་ནས་དཀའ་ངལ་དང་འབད་བརྩོན་དེ་བཞིན་ཐབས་ཤེས་བྱས་པའི་ནུས་པ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།ཆིག་བསྒྲིལ་གྱི་གོང་བུ་དེ་རྒྱལ་གྱུར་ཅིག་ཅེས་གུས་པའི་སྨོན་འདུན་རེ་བ་ཤུགས་དྲག་ཞུ་རྒྱུ་ཡིན།

དེ་རྗེས་རྩིས་སྤྲོད་རྩིས་ལེན་གནང་།  ཞལ་ལག་བར་སེང་། གསར་དུ་འོས་འདེམས་བྱུང་བ་སྐབས་༡༦པ་རྣམས་ལ་སྐབས་༡༥རྣམས་ནས་མ་འོངས་ལས་དོན་གང་ཅིར་ཐད་གང་བསམ་ལྷུན་གྱི་འགྲུབས་པའི་སྨོན་འདུན་དང་བཅས་འཚམས་འདྲིའི་མཇལ་དར་རེ་ཕུལ།དེ་རྗེས་སྐབས་༡༥པའི་འཐུས་མི་དང་རྒྱུན་ལས་རྣམས་ལ་འདས་པའི་ལོ་གསུམ་ནང་བཀའ་ངལ་འཛེམ་མེད་ཐོག་མིག་དཔེར་འོས་པའི་བྱ་གཞག་གི་ལས་རིམ་སྣ་ཚོགས་ལ་རྗེས་སུ་ཡིད་རངས་དང་བཅས་ཏེ་སྐབས་༡༦པའི་ས་གནས་འཐུས་མི་སྐུ་འོས་པར་ཁང་དཔལ་ལྡན་དང་རྒྱུན་ལས་ཐུན་མོང་ནས་མི་མང་གི་ཚབ་བྱས་ཏེ་ཐུགས་རྗེ་ལེགས་འབུལ་ཤོག་ཆག་དང་མཇལ་དར་རེ་ཕུལ་ཏེ་ཚོགས་འདུ་བཀྲིས་བདེ་ལེགས་ངང་མཇུག་སྡོམས་གནང་།།ས་གནས་ནས་གུས་མིང་འཕེལ་སྣེ་ཚང་བློ་བཟང་རབ་རྒྱས་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།