སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན།

 

གསལ་བསྒྲགས།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ འཐུས་ཚོགས་ངོས་ནས་གཞི་རྒྱ་ཆེ་བའི་མི་མང་འདུ་འཛོམས་ཐོག་༧གོང་ས་མཆོག་གི་འཁྲུངས་སྐར་བསུ་ཐུབ་པའི་བསྐལ་བཟང་གི་ཉིན་མོ་ཤར་པ་དང་བསྟུན། མི་མང་ལ་སྟབས་བདེ་ཡོང་ཆེད་འཁྲུངས་སྐར་ཉིན་གྱི་འཛིན་བྱང་དྲ་ཐོག་ནས་ཉོ་ཐུབ་པའི་མཐུན་རྐྱེན་ཆ་ཚང་བསྒྲུབས་ཡོད་ཅིང་། ཟླ་ ༦ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༡༢ ཐོག་ནས་འཛིན་བྱུང་དྲ་ལམ་ནས་ཉོ་ཆོག་པའི་མཐུན་རྐྱེན་ཤར་གཏོང་ཞུ་བཞིན་ཡོད་པ་ལགས་ན། ཁྱེད་ཀྱིས་རང་མོས་བཞིན་དྲ་ཐོག་ནས་འཛིན་བྱང་མངགས་ཉོ་ཡོང་བའི་འབོད་སྐུལ་ཞུ།

འཛིན་བྱང་གི་རིན་གོང་། ( ཞལ་ལག་མཉམ་དུ་ཚུད་ཡོད། )
༡༽ མི་མང་ལ། སུད་སྒོར་ ༢༥ །
༢༽ ཕྲུ་གུ་ལོ་ ༦ ནས་ ༡༦ བར། སུད་སྒོར ༡༥ །

ཁྱོད་ཀྱིས་གཤམ་གསལ་དྲ་ཚིགས་བརྒྱུད་ཐད་གར་འཛིན་བྱང་ཉོ་ཐུབ།

ཕྱིར་ལོག

མ་འོང་མཛད་རིམ་ཁག

༢༠༢༢༡༠༣༡ ༓ ༢༠༢༢༡༡༠༡

༢༠༢༣༠༥༡༨ ༓ ༢༠༢༣༠༥༢༠

༢༠༢༣༠༦༠༤ ༔ ཉི་མ་

༢༠༢༣༡༠༣༡ ༓ ༢༠༢༣༡༡༠༡

དམར་རྟགས་ཅན་རྣམས་སྒེར་གྱི་མཛད་རིམ་རེད།