རེ་ཀོན་བོད་སློབ་ལོ་ ༤༠ འཁོར་བའི་དུས་ཆེན་གསལ་བསྒྲགས།

རེ་ཀོན་བོད་སློབ་ལོ་ ༤༠ འཁོར་བའི་དུས་ཆེན་གསལ་བསྒྲགས།
༄༅།ཕྱི་ལོ་ ༢༠༢༣ ཟླ་བ་ ༤ པའི་ཚེས་ ༡༥ ཉིན་ས་གནས་རེ་ཀོན་སློབ་གྲའི་ཚོགས་ཁང་ནང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱིའི་རྒྱལ་ཁབ་ནང་བོད་ཡིག་སློབ་གྲ་དང་པོ་སུད་སི་ས་གནས་རེ་ཀོན་ཚོགས་ཆུང་གི་བོད་ཡིག་སློབ་གྲ་དབུ་བརྙེས་ནས་ལོ་ ༤༠ འཁོར་བའི་དུས་ཆེན་ཞིག་གོ་སྒྲིག་ཞུ་གི་ཡོད་ ཉིནམོ་དེར་རེ་ཀོན་བོད་ཡིག་སློབ་ཕྲུག་དང་ སློབ་ཟུར་ས་གནས་ཚོགས་ཆུང་ཁག་གི་བོད་སློབ་ དེ་བཞིན་གཞས་པ་གཞས་མ་སོགས་ནས་བོད་ཀྱི་རིགས་གཞུང་འབྲེལ་བའི་གཞས་སྣ་གཟིགས་འབུལ་ སྒོར་གཞས་སོགས་མཛད་སྒོ་ཟབ་རྒྱས་ཞིག་གོ་སྒྲིག་ཞུས་ཡོད་པས་རྒྱ་ཆེ་མི་མང་གང་མང་མཉམ་བཞུགས་གནང་བའི་གསལ་བསྒྲགས་སུ།
ས་གནས་རེ་ཀོན་ཚོགས་ཆུང་གི་འཐུས་མི་ནས། ཟླ་བ་ ༠༢ ཚེས་ ༠༡ ཉིན ཕུལ།
མ་འོང་མཛད་རིམ་ཁག
དམར་རྟགས་ཅན་རྣམས་སྒེར་གྱི་མཛད་རིམ་རེད།