ྋརྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག
ྋརྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་༡༨༡༦་་ ༡༨༣༧ ནི་མདོ་སྟོད་ལི་ཐང་དུ་རྐུ་བལྟམས། ༡༨༡༩ ལོར་རྒྱལ་ཚབ་དེ་མོ་དགོངས་པ་རྫོགས་པའི་ཚབ་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་རྒྱལ་ཚབ་ཁྲིར་ཕེབས། ༡༨༢༢ ལོར་པཎ་ཆེན་བསྟན་པའི་ཉི་མས་རྒྱལ་བའི་ཡང་སྲིད་ལ་རབ་བྱུང་སྡོམ་པ་གནང༌། ཡམས་ནད་བྱུང་རྐྱེན་ ༡༨༣༣་་༡༨༣༤ ལོ་འཁོར་གཉིས་རིང་རྩེ་ཕོ་བྲང་དུ་ཕྱི་འགྲུལ་མཚམས་བཅད་གཉང་ན་ཡང༌། ྋགོང་ས་མཆོག་བསྙེན་རྫོགས་བཞེས་རྒྱུ་གལ་ཆེར་བརྟེན་པཎ་ཆེན་རིན་པོ་ཆེ་ལྷ་སར་གདན་ཞུ་གནང་སྟེ་དེག་སློང་སྡོམ་བཞེས་གནང༌། དེ་བཞིན་ཧལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ཟླ་མང་ལམ་ནས་ཆེད་མངགས་མཇལ་ཕྱག་ཏུ་ཕེབས་པར་བརྟེན་དམིགས་མཇལ་ཁ་དང་ཆོས་འབྲེལ་སྩལ།
ཞིབ་པ་སྐུ་བཅར་བློ་བཟང་འཕྲིས་མཛད་པའི་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བར་གཟིགས་དགོས་སོ།