ཟམ་མདོ་བྱམས་པ་ཚེ་རིང་ལགས།

༄༅།། ཟམ་མདོ་བྱམས་པ་ཚེ་རིང་ནི། ཕྱི་ལོ་ ༡༩༧༡ ལོའི་ནང་སྦེལ་སྐོབ་གཞིས་སྐེམ་དང་པོའི་ནང་སྐྱེས། དྭང་བླང་དཔྱ་དངུལ་ལག་དེབ་ཨང་ CH7975702 ཡིན་པ། ༡༩༩༥ ལོར་ལྦར་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་ཁང་ནས་བསྟན་བཅོས་ལག་འཁྱེར་དང་། ༡༩༩༨ ལོར་སློབ་དཔོན་གྱི་ལག་འཁྱེར་ཐོབ། ༡༩༩༩ དང་ ༢༠༠༠ ལོའི་ནང་སུད་སིར་ཟླ་བ་བཅོ་ལྔའི་རིང་འཇར་མན་སྐད་ཡིག་སློབ་གྲྭར་བསྐྱོད། ༢༠༠༡ ནས་ ༢༠༠༤ བར་གྱི་ལོ་ངོ་གསུམ་རིང་སུད་སི་དང་ལིཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོའི་ལས་འགན་ཐོག་མི་མང་གི་ཞབས་ཞུ་ཞུས། ༢༠༠༠ ནས་ ༢༠༠༥ བར་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་རྩིས་ཞིབ་པའི་ལས་འགན་ཞུས། ༢༠༠༢ ནས་ ༢༠༠༥ བར་ལོ་ངོ་བཞིའི་རིང་སུད་སིར་༧གོང་ས་མཆོག་ནས་ ༢༠༠༥ ལོར་གསུང་ཆོས་གནང་བའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མིར་ཞུགས་ཏེ་གྲ་སྒྲིག་འཐུས་ཚང་ཞུས། ༢༠༠༥ ལོའི་ཟླ་བ་བརྒྱད་པའི་ནང་ཉིན་གཉིས་རིང་དང་ ༢༠༡༣ ཟླ་བ་བཞི་པའི་ཚེས་ ༡༢ ཉིན་ཡོ་རོབ་ཁུལ་ཡོད་བོད་ཀྱི་ནང་ཆོས་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་གོ་སྒྲིག་ཞུས། ༢༠༠༦ ནས་ ༢༠༡༤ ལོ་མཇུག་བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་འགན་བཞེས། ༢༠༠༥་༡༡་༡༩ ནས་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་གཞོན་གྱི་ལས་འགན་ཞུ་མུས། ༢༠༡༠ ནས་རི་ཀོན་ཚོགས་ཆུང་གི་བོད་དྲུང་བྱ་མུས། ༢༠༠༤ ནས་རི་ཀོན་ཚོགས་ཆུང་གི་བོད་ཡིག་སློབ་གྲྭའི་བོད་དགེ། ༢༠༡༦༌༠༥༌༣༠ ནས་ཡུ་རོབ་དང་ཨ་ཕི་རི་ཀའི་བོད་མི་མང་སྤྱི་འཐུས་གནང་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས།། །།