ཐུབ་བསྟན་དབང་ཆེན་ལགས།

༅༅། ཐུབ་བསྟན་དབང་ཆེན་ལགས་ ༡༩༥༤ ལོར་སྐྱིད་གྲོང་ལ་འཁྲུངས།རྒྱ་གར་ནང་བོད་གཞུང་གཏན་སློབ་ཌལ་ཧོར་སེ་ལ་སློབ་སྦྱོང་བྱས་རྗེས་རྡ་རམ་ཤ་ལ་རྣམ་རྒྱལ་གྲྭ་ཚང་ལ་འཛུལ་བཞུགས་གནང་ནས་ནང་ཆོས་ལ་སློབ་སྦྱོང་བྱས།༡༩༨༢ལོར་སི་པན་ནང་ཆོས་ཚོགས་དང་པོ་ཞིག་གི་སྐད་བསྒྱུར་ཆེད་ཕེབས།༡༩༩༢ལོར་འཛམ་གླིང་རྩེད་འགྲན། Olympic Barcelona 1992 སྐབས་ནང་པའི་ཆོས་ཚོགས་ཀྱི་འཐུས་མིར་བསྐོ་བཞག་གནང་།༡༩༩༤ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་(བོད་ཀྱི་ཁང་པ་)ཞེས་བོད་ཀྱི་ཆོས་དང་ཪིག་གཞུང་གི་བསྟི་གནས་དབུ་འབྱེད་མཛད་སྒོ་གནང་།བོད་ཀྱི་རིན་ཐང་ཅན་གྱི་རིག་གཞུང་མི་ཉམ་རྒྱུན་འཛིན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་འཛམ་གླིང་ཡུལ་གྲུ་གང་སར་བགྲོ་གླེང་གི་ཚོཌ་འདུ་དང་འགྲེམས་སྟོན་སོཌ་གོ་སྒྲིཌ་དང་མཉམ་བཞུགས་བྱས།དེང་སྐབས་བོད་ཁང་ནས་རྒྱ་གར་དང་བ་ཡུལ་སྐྱབས་བཅོལ་གཞིས་ཆཌ་ཁག་ནང་རྒས་གསོ་ཁང་ནང་དང་སློབ་ཕྲུག་༡༠༠༥ཙམ་ལ་སློབ་ཡོན་སྦྱིན་བདག་སྩལ་ཏེ་འཕྲོད་རྟེན་དང་སློབ་སྦྱོང་ཡར་རྒྱས་ལ་རོགས་རམ་བྱ་བཞིན་ཡོད།ད་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རྒྱ་མིའི་དཔོན་རིགས་རྣམས་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁྲིམས་གཏུགས་གནང་ཡོད།དེང་སྐབས་སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་བོད་ཁང་འགན་འཛིན་གནང་མུས་བཅས་སོ།