༄༅།། རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་དཔང་རྟགས།

༄༅། །བོད་རྒྱལ་ཁབ་ནི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་དང་། དེ་ཡང་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་བཟུང་རྒྱལ་རབས་ལོ་རྒྱུས་ཐོག་བོད་རྒྱལ་ཁབ་འདི་རྒྱ་ནག་གི་མངའ་ཁོངས་མིན་པར་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་ནམ། རྒྱལ་ཁབ་ཅིག་གི་མཚོན་དོན་ངོ་བོའམ་གྲུབ་ཆ་ཚང་ལྡན་ཡོད་ཅིང་། དེ་དག་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་། རྒྱལ་དར། རྒྱལ་གླུ། རྩ་ཁྲིམས། ས་རྒྱ། མི་དམངས། གཞུང་དང་གཞུང་འཛིན་གྱི་ལས་ཁུངས་སོགས་རྒྱལ་ཁབ་ཅིག་གི་མཚོན་དོན་ངོ་བོ་ཆ་ཚང་ལྡན་ཡོད་པ་ལས་བོད་འདི་རྒྱ་ནག་གི་མངའ་ཁོངས་མ་ཡིན་ཏེ་རྒྱ་བོད་གཉིས་མི་རིགས་ཐ་དད་ཡིན་ལ། །སྐད་ཡིག་དང་རིག་གཞུང་ཐ་དད། གོམས་གཤིས་དང་ལུགས་སྲོལ་ཐ་དད། ཆས་གོས་དང་ཟས་རིགས་ཐ་དད། རྒྱ་བོད་ཀྱི་གཞུང་དང་གཞུང་འཛིན་ཐ་དད། རྒྱ་དར་དངརྒྱལ་དངུལ་ཐ་དད། མི་མང་གི་འཚོ་གོས་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར། ཕྱིའི་སྲུང་སྐྱོབ། ནང་གི་ཁྲིམས། ཤེས་ཡོན་དང་དམག་དོན་སོགས་རྒྱལ་ཁབ་སོ་སོའི་ངོ་བོ་ཐ་དད་སོ་སོ་བ་ཡིན་པ་ལོ་རྒྱུས་ཀྱི་དཔང་རྟགས་ཁུངས་བཙན་ཡོད་ཅིང་ལྷག་པར་བོད་འདི་རྒྱ་ཁོངས་མིན་པ་རྒྱལ་རབས་ལོ་རྒྱུས་ཐོག་གསལ་འཁོད་མིག་མཐོང་ལག་ཟིན་ཡོད་ཅིང་། སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་བར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་སོགས་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མི་ཆོ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་ཡི་མཆོད་རྟེན་དཀར་པོ་བར་མདོ་སྨད་རྟ་ཡི་ཆོལ་གསུམ་ཡོངས་རྫོགས་བོད་ཀྱི་ས་ཡིན་ལ། བོད་དང་བོས་ཆེན་པོའི་མི་འབོར་ས་ཡ་དྲུག་པོ་རྣམས་བོད་ཀྱི་མི་རིགས་དང་། དེ་དག་གངས་ལྗོངས་བོས་རྒྱལ་ཁབ་ཆེན་པོའི་ཆབ་འབངས་ཤ་སྟག་ཡིན་པ་སོགས་རང་གི་མེས་པོའི་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་ཀྱང་མཁྱེན་གལ་ཤིན་ཏུ་ཆེ་བ་ལགས་སོ།། །།དགེའོ།།  རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ནས།།