༧སྐུའི་འཁྲུངས་ལྷ་དབྱར་གསོལ།

འཁྲུངས་ལྷ་དབྱར་གསོལ་ཞེསཔའི་འཁྲུངས་ལྷ་ནི་སྐྱེ་སའི་ལྷ་སྟེ་ལྷའི་ཞེ་སར་འབོད་ཅིང་། དེ་མཚུངས་འཁྲུངས་ལྷ་དབྱར་གསོལ་གསོལ་ཞེས་པ་རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། རྒྱལ་བའི་འཁྲུངས་ལྷར་བསངས་གསོལ་མཆོད་བསྟོད་དང་། འཁྲུངས་སྐར་མཛད་སྒོའི་ཆོས་སྲིད་བྱ་རིམ་ཁག་མཉམ་དུ་གཏོང་བ་ལ། བོད་མི་ཚོས་འཁྲུངས་ལྷ་་དབྱར་གསོལ་ཞེས་འབོད་ཀྱི་ཡོད།
དུས་སྟོན་འདི་ནི་༸རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་ནས་བཟུང་། སྲོལ་ཚུགས་བརྟན་ཆགས་སུ་གྱུར་བའི་བོད་མའི་སྲོལ་རྒྱུན་དུས་སྟོན་ཞིག་སྟེ། ལོ་རེར་གཞུང་འབྲེལ་མཛད་སྒོའི་གྲས་ཀྱི་བྱ་རིམ་གཙོ་བོ་ཞིག་ཀྱང་ཡིན། རྒྱལ་བ་སྐུ་ཕྲེང་བདུན་པས་མཚོན་གངས་ལྗོངས་ཤར་ཕྱོགས་འཁྲུངས་པའི་སྐུ་ཕྲེང་ན་གྱི་སྐུའི་འཁྲུངས་ལྷ་གསོལ་ཡུལ་ནི། ལྷ་སའི་ཤར་ངོས་སུ་ཡོད་པའི་འཁྲུངས་ལྷ་ཞེས་པའི་གྲོང་ཚོ་དེ་ཡིན་པ་དང་། སྐུ་ཕྲེང་བརྒྱད་པའི་འཁྲུངས་ལྷ་གསོལ་གནས་ནི་ཤོད་ཀྱི་ནོར་བུ་གླིང་ཁའི་ཤར་ངོས་ཀྱི་སྐྱེད་ཚལ་ཀླུ་ལྡིང་དང།

འཛམ་གླིང་ཞི་བདེའི་དེད་དཔོན། ༸སྤྱིནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་རིམ་དང་འབྲེལ་བའི་ཆོ་ག་ཅི་ཡོད་ངོ་སྤྲོད་ནི། བོད་ཟླ་ ༥ ཚེས་ ༥ (རྗེས་སོར་སྤྱི་ ༡༩༣༥ ཟླ་] ༧ ཚེས་ ༦ ལ་གཏན་འབེེབས་མཛད།)ཉིན་ནི་མགོན་པོ་གང་ཉིད་ཀྱི་སྐུའི་མེ་ཏོག་ཨུ་དུམ་ཝ་ར་གནམ་འོག་ཏུ་བཞད་པའི་དུས་ཆེན་ཏེ་འཇིག་རྟེན་སྤྱི་དང། ནང་སྒོས་ཁ་བ་རི་བ་རྣམས་ཀྱི་བཀྲི་ཤིས་པའི་ཉིན་མོ་གཅིག་པུ་ཡིན་ཞེས་བཤད་ཀྱང་ཆོག ཉིན་འདིར་རྩེ་ཕོ་བྲང་དང་། ནོར་བུ་གླིང་ཁའི་ཡང་སྟེང་སོ་སོར། མཛོད་ཆུང་གིས་སྔ་ནས་གྲ་སྒྲིག་ཞུས་ཟིན་ལྟར། རྒྱགས་བརྔན་ལྷ་བསང་དང། འཁྲུངས་ལྷའི་གསོལ་གསོལ་མཆོད། སྐུའི་འབྱུང་ཁམས་དང་མཐུན་པའི་དབུ་ལྕིག་སྒྲོན་འཛུགས་སོགས་རྒྱ་གང་ཆེ་ཞུ་ཞུང་ཡབ་གཞིས་སྐུ་ངོ་རྣམས་ཀྱིས་སྔ་དྲོར་གཟིམ་ཆུང་དུ་ནང་མའི་རྟེན་གསུམ་ལ་མཛལ་དར་ཕུལ་མཚམས། དྲུང་བཞེས་ཚུགས་པ་དང། གསོལ་ཇ། བཟེས་འབྲས། བཀའ་ཤག་རྩེ་མགྲོན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་གི་གཟིམ་ཆུང་དགའ་ལྡན་ཡང་རྩེ་དང། ནོར་གླིང་ལྷུན་གྲུབ་དགའ་ཚལ་བཅས་ལ་འཁྲུངས་སྐར་མཛད་སྒོར་ཕེབས་སྲོལ་ཡོད། སྐུ་མདུན་ནོར་གླིངདུ་བཞུགས་སྐབས་མཚོ་དཀྱིལ་ཕོ་བྲང་ལྷུན་གྲུབ་དཀའ་ཚལ་གྱི་བཞུགས་ཁྲིར་ཞབས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྔ་རྗེས་སུ་ཚེ་རྫས་འབུལ་ལམ་ཞུ་ཞིང་། ཕན་ཚུན་དབུ་གཏུགས་མཛད་པ་དང་། ཕྱི་ཕྱག་སྲུང་གནང་། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལདར་རེ་དང་། ཕྱི་ཕྱག་སྲུང་གནང་། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་རེ་དང་། རྩེ་ཕྱག་གིས་སྣམ་རྒྱུ་སྤུ་ཕྲུག་བཅས་འབུལ་སྦྱོར་ཞུས་རྗེས་དེ་གར་བཞུགས་ཞབས་འཁོད།

བཀའ་ཡིབློན་པ་ཚོགས་ཀྱིས་མཚོན་དྲུང་འཁོར་ནང་མ་ཡན་གྱིས་རྒྱུན་ཆས་ཁ་གསར་ཐོག སོ་སོའི་གོ་བབ་ལ་དཔག་པའི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་སྐུའི་མཇལ་ཁ་ཞུས་པ། ཕྱིར་ཕྱག་སྲུང་སྩལ་གནང་གིས་ནོར་གླིང་མཚོ་དཀྱིལ་ལ་ཞབས་འཁོད་དང་འབྲེལ་ཉི་འོད་དུ་ཕེབས། དེ་གར་ཕེབས་འགོའི་བཞེས་སྤྲོ་དང་། གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ། དེ་རྗེས་ཡབ་གཞིས་སྐུ་འཁོར་ལྷན་རྒྱས་ནས་ནོར་གླིང་མགོན་པོའི་ཁ་ལ་གནས་གཟིགས་དང་། བསྐང་འཕར་འཕྲིན་བཅོལ་གྲུབ་བསྟུན། ནོར་གླིང་ནས་ཆིབས་ཧྲག་དང་བཅས་ལྷ་སའི་མཐིལ་ལས་མེས་ལེགཉིས་ཙམ་ཆེད་པའི་འཁྲུངས་ལྷ་ཞེས་པའི་གྲོང་ཚོ་དེའི་མགོན་ཁང་མཐའ་བསྐོར་གླིང་ཀ་ཡོད་ས་དེར་ཕེབས་ཏེ། འཁྲུངས་ལྷའི་གསོལ་མཆོད་རྒྱས་བཤམས་མཐར། དབུ་ལྕོགས་གསར་སྒྲོན་དང་འབྲེལ་དེར་ཡོད་ལྷ་རྟེན་ཁག་ལ་༸གོང་ས་ཆེན་པོའི་ཐུགས་སྨོན་སྙན་དར་འབུལ་ལམ་ཞུ་ཞིང་།
གཞན་རྒྱལ་བའི་ཡབ་ཡུམ་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་རིང་གསོལ་སྟོན་འདེགས་འབུལ་ཞུ་ལུགས་ཡོད།
ཡབ་གཞིས་ནས་ཕུལ་བའི་གསོལ་སྟོན་དུ་བཅར་མཁན་སྐུ་མགྲོན་རྣམས་ནས་ཐོག་མར། རྒྱལ་བའི་ཡབ་ཡུམ་ཟུང་ལ་འཚམས་ཞུའི་མཇལ་དར་གུས་འབུལ་དར་ལྷན། འཁྲུངས་ལྷའི་ལྷ་རྟེན་རྣམས་སུ་སྙན་དར་འཕྲིན་བཅོལ་གྱིས་མཚོན། ཆོསསྲིད་དང་འབྲེལ་བའི་ཞུ་སྒོ་ཁག་ཡོངས་སུ་གྲུབ་མཚམས། གསོལ་སྟོན་གྱི་བཞེས་སྤྲོ་སྣ་ཚོགས། གླུ་དངགཞས་བྲོ་སོགསཅི་དགར་ལོངས་སུ་སྤྱོདཔ་ཡིན།
དེ་མིན་དང་དུང་འཁྲུངས་སྐར་མཛད་ཆེན་གྱི་ཉིན་འདིར། ལྷ་ཞོལ་ཁུལ་གྱི་གཏན་སྡོད་དང་ཕྱོགས་ཕེབས་མི་མང་སེར་སྐྱ་ཚང་མས་དགའ་གུས་སྤྲོ་གསུམ་གྱིས། རང་རང་གི་འཁོསབབ་དང་བསྟུན་པའི་གོསརྒྱན་གཟབ་འཆོར་ཐོག དཔལ་ལྷ་ཞི་དྲག་དངརྨེ་རྙིང་པེ་ཧར་ལྕོག་བཅས་སུ་མང་ཇ་གསོལ་འཕྲིན་དང། སྙན་ཤལ་སོགས་འབུལ། སྐྱིད་ཆུའི་འགྲམ་དུ་ཆུ་དར་བཏང་སྟེ། དབུ་ལྕོག་སྒྲོན་འཛུགསསོག་རྟེན་འདིར་ལྷ་སའི་ཕྱོགས་མཚམས་ཀུན་ཏུ་འཁྲུངས་སྐར་དང་འབྲེལ་བའི་ཞུ་སྒོའི་འཚང་ཁ་ཅི་བབ་ཆེ་བ་ཡིན།

ཕྱི་ལོ་ ༡༩༥༩ ལོ་ནས་བཟུང། བོད་མི་རིགས་འདི་བཞིན་གཞིས་བྱེས་གཉིསསུ་དགྱེས་དགོས་བྱུང་སྟབས། འཁྲུངས་སྐར་མཛད་སྒོའམ་འཁྲུངས་ལྷ་དབྱར་གསོལ་གྱི་དགའ་སྤྲོའི་ཆོ་གའང་གཞིས་བྱེས་གཉིས་སུ་གཏོང་གི་ཡོད་ལ། སྤྱིཚོགས་ཀྱི་འགྱུར་འགྲོས་དང། དུས་དང་ཁོར་ཡུག་གི་དགོས་མཁོའི་དབང་གིས། དུས་ཆེན་གཞན་དག་ཇི་བཞིན་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་རིམ་སྲོལ་བབ་ལའང་འགྱུར་ལྡོག་གང་འཚམས་བྱུང་ཡོད། དཔེར་ན། དེང་སྐབས་ལྷ་སའི་གཡས་གཡོན་ཁེད་ཉེའི་བོད་རིགས་ཚོས། འཁྲུངས་ལྷ་དབྱར་གསོལ་གྱི་ཉི་མོར། བསངས་གསོལ་མཆོདབསྟོད་དང། དབུ་ལྕོག་གསར་སྒྲོན་ལས་གཞན་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབརྒྱསཀྱིརྣམ་པ་མཚོན་ཆེད། སྔ་མེད་ཀྱི་ལུགས༌སྲོལ་གསར་པ་ཞིག་སྟེ། རྩམ་པ་ས་གཤོ་བ་དང། དབྱིངས་སུ་མཆོད་པ། ལུསལ་བྱུགས་པབཅས་ཀྱིས་ཁ་བས་ས་གཞི་བརྒྱན་པ་ལྟར་ཕྱོགས་ཡོངས་དཀར་ལམ་མེར་གཏོང་སྲོལ་བྱུངའདུག་པ་ལྟ་བུ་དང།

དེ་བཞིན་བྱེས་ཀྱི་བཞུགས་སྒར་དྷ་རསས་མཚོན་ཕྱོགསསོ་སོའི་གཞིས་གྲོང་དགོན་སྡེ་ཁག་དམར་སྒར། སློབ་གྲྭ་ཆེ་ཆུང་ཁག་ཚང་མས་ཀྱང་ཉིན་དེར་གཏོགས་ཀྱི་མཛད་སྒོའི་ལས་རིམ་རྣམས་གཟབ་རྒྱསསྲུང་བརྩི་དངའབྲེལ། སོ་སོའི་སེམས་པའི་དགའ་ཕྱོགས་དང་བསྟུན་ཏེ། སྔར་མེདཀྱི་གླུ་གར་ཞབས་བྲོ་སོགས་རྩེད་རིགས་སྣ་ཚོགས་པར་གང་དགའ་ཅི་འདོད་དུ་བག་ཕེབས་ངང་རོལ་བཞིན་པ་བཅས། རྒྱལ་བའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོ་ནམ་ཤར་གྱི་འཁྲུངས་ལྷ་དབྱར་གསོལ་ནི་བོད་མི་རིགས་ལ་མཚོན་ན་ཆེ་རྩ་ཆེའི་དུས་ཆེན་ཞིག་སྟེ། ཉིན་འདིར་བོད་འཕགས་ཡུལ་ལས་གཞན།་ ལྷོ་བྱང་ཨ་རི་དང། ཡུ་རོབ་ཁུལ་སོགས་འཛམ་གླིང་གི་ཡུལ་ལུང་གང་སའི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་པ་སྨོས་ཅི།
རྒྱལ་ཁབ་གཞན་གྱིཡུལ་མིས་ཀྱང་འཁྲུངས་སྐར་དུས་ཆེན་འདི་བཞིན་འཛམ་གླིང་སྤྱི་ཡོངས་རང་བཞིན་གྱི་ཐོུང་དུས་ཆེན་ཆེས་གཞི་རྒྱ་ཆེ་བ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་པ་བཅས་སོ།། །།