བོད་རྒྱལ་ལོ་ ༢༡༣༣ ཕྱི་ལོ་ ༢༠༠༦
སུད་སི་དང་ལེཀ་ཊེན་སྤྲཡནབོད་རིགས་མི་མང་གི་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༢༢ ཕྱི་ལོ་ ༡༩༩༥
གཏན་འབེབས་མ་བྱུང་བར་མི་མང་གི་ལས་ཁུངས་གང་དུ་གནས་ས་དེར་ཆ་འཛིན་བྱ་རྒྱུ་དང་། ད་ལྟའི་ཆར་ས་གནས་འཛུ་རིག་ཡིན།
སྒྲིག་གཞི་འདི་སུད་སི་ཁྲིམས་ཡིག་དོན་ཚན་ཛེཊ་གེ་བེའེ་༦༠གཞིར་བཟུང་བ་ཡིན།
སུད་སི་དང་ལེཀ་ཊེན་སྤྲཡན་གནས་པའི་བོད་མི་ཡོངས་རྫོགས་སྨྲོས་ཅི། ཕ་མ་ཡ་གཅིག་མི་རིགས་གཞན་ཡིན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༨ ནང་གསེས་ ༡(༡) དང་ ༣(༢) དགོངས་དོན་ལྟར་སྒྲིག་གཞི་དང་ལེན་གྱིས་རང་ཉིད་ཞུགས་བློ་ཡོད་རིགས་འཛུལ་ཆོག་པ་ཡིན།
(༡)བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད། བཅའ་ཁྲིམས་ཤོག་གྲངས་ ༤ ཡིག་ཕྲེང་ ༢ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཟུགས་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབཻབས་སྒྲིག་གཞི་ལྟར་ཞུགས་ཆོག བཅའ་ཁྲིམས་ཤོག་གྲངས་ ༤ ཡིག་ཕྲེང་ ༡༠
(༣)སྤྱི་འཐུས་ཀྱི་འོས་བསྡུ་དང༌། འོས་གཞིའི་ཐོབ་ཐང༌། ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་བཅོ་བརྒྱད་ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་བསྡུའི་ཐོབ་ཐང་དང༌། ཁྲིམས་ལུགས་ཁག་གཞིར་བཟུང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་ཉེར་ལྔ་ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད། བཅའ་ཁྲིམས་ཤོག་གྲངས་ ༦ ཡིག་ཕྲེང་༤
(༤)ཡུལ་མིའི་ལས་འགན། བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་གཤམ་གསལ།
རང་གི་རྒྱལ་ཁབ་དང༌། མི་རིགས་ཀྱི་ཁེ་ཕན་ཆེ་ཤོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་ནས་བསྒྲུབ་རྒྱུའི་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འཁོད་དོན་ཚན་ཁག་དང་འབྲེལ་བ་ཡོད་པའི་ལས་དོན་ཅི་རིགས་སྤང་བླང་འཛོལ་མེད་ལག་ལེན་དུ་འཁེལ་ཐུབ་པ་ཞུ་རྒྱུ།
སྒྲིག་གཞི་གསར་པ་འདི་གཏན་འབེབས་འགོ་འཛུགས་བྱས་པ་ནས་བཟུང༌། སྔོན་གྱི་སྒྲིག་གཞི་དེ་དག་རང་ཤུགས་ཀྱིས་ཕྱིར་བསྡུ་ཟིན་པར་ཆ་འཇོག་དགོས་རྒྱུ།
སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་འཛུགས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱི་ཁྱབ་ཁོངས་གྲོས་ཚོགས་ཀྱི་སྒྲིག་གཞི་འོག་ཁྲིམས་སྲོལ་ལྟར་གནས་དགོས།
སྒྲིག་གཞི་འདི་ལ་བསྐྱར་བཅོས་ནམ་དགོས་མཚམས་འཐུས་མི་སོ་སོས་རང་ཁུངས་ས་གནས་མི་མང་དང་གོ་བསྡུར་གྱིས་མང་མོས་རྒྱབ་གཉེར་ཐོབ་མཚམས་འཐུས་མི་སུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ཚེ་སྒྲིག་གཞིར་བསྐྱར་བཅོས་ཆོག་རྒྱུ་བཅས་སོ།།
སྒྲིག་གཞི་འདི་ལ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི། (ས་གནས་གྲོས་ཚོགས་)
བོད་རྒྱལ་ལོ་ ༢༡༢༢ ཕྱི་ལོ་ ༡༩༩༥ ཞེས་འབོད་རྒྱུ།
སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༨༧༡ འོག་བཀོད་བསྒྲིགས་བྱས་པ་ཡིན།
ཀ༽སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་ཚོགས་འདུའི་གྲུབ་ཆ་ནི། བོད་མི་ཁྱིམ་ཚང་བཅོ་བརྒྱད་ཡན་ཡོད་སའི་ས་གནས་ཁག་ནས་འོས་འདེམས་བྱས་པའི་ཚོགས་འཐུས་གཉིས་རེ་དང༌། བོད་མི་ཁྱིམ་ཚང་ལྔ་ནས་བཅུ་བདུན་བར་ཡོད་སའི་ས་གནས་ཁག་ནས་འོས་དེམས་བྱས་པའི་ཚོགས་འཐུས་རེ་དགོས་པ་ཡིན།
ད་ལྟའི་ཚོགས་འཐུས་ཀྱི་གྲངས་དང་ཡོང་ཁུངས་གཤམ་གསལ།
བཅས་ཡོད་ན་གནས་དུས་དང་མཚམས་པའི་ཚོགས་ཆུང་གསར་འཛུགས་དང་ཕྱིར་བསྡུ་ཇི་དགོས་ས་གནས་གྲོགས་ཚོགས་ནས་ཐག་གཅོད་བྱ་འཐུས།
ཁ༽བོད་མི་གནས་ཡུལ་ས་གནས་འཕར་ཆག་དབང་གིས་ཚོགས་འདུའི་འཐུས་མིའི་ཁ་གྲངས་འཕར་ཆག་གཏོང་དགོས་ནམ་བྱུང་མཚམས་འཐུས་མི་ཚོགས་འདུའི་རྩ་འབོར་གྱི་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་བཅའ་ཁྲིམས་དོན་ཚན་ ༧༩ པའི་ནང་གསེས་དང་པོའི་༢ ནང་གསལ་གྱི་མང་མཐའ་དང་ཉུང་མཐའ་ལས་མ་བརྒལ་བར་འཕར་ཆ་གཏོང་འཐུས།
༢ ས་གནས་འཐུས་མིའི་གྲངས་ཚད་ཐད་ས་གནས་ཆེ་ཆུང་ལ་གཞིགས་པའི་ཚོགས་མི་གྲངས་ ༣༥ ལས་མི་བརྒལ་བ་དང་ ༡༡ ལས་མི་ཉུང་བ་དགོས། བཅའ་ཁྲིམས་ཤོག་གྲངས་ ༦༩ ཡིག་ཕྲེང་ ༧
༣ ས་གནས་འཐུས་མིའི་ཚོགས་འདུའི་ནང་འོས་བསྡུ། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་པའི་ཁྲིམས་ལུགས་དང༌། སྒྲིག་གཞི་ཁག་གི་དམིགས་བསལ་དོན་གནད་རྣམས་ཕུད། དེ་མིན་དོན་གནད་གང་ཅིའི་སྐོར་ལ་ས་གནས་འཐུས་མིའི་ཚོགས་འདུ་ནས་གྲོས་བསྡུར་གྱིས་སྤྱི་མོས་སམ། ཡང་ན། མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།
བཅའ་ཁྲིམས་ཤོག་གྲངས་ ༧༡ ཡིག་ཕྲེང་ ༧
གཏན་འབེབས་ས་གནས་སོ་སོ་ནས་འཐུས་མི་འོས་འདེམས་བྱ་རྒྱུའི་འོས་བསྡུའི་ལས་རིམ་ཡོངས་རྫོགས་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་གཟིགས་སྐྱོང་འོག་ས་གནས་འོས་བསྡུ་ཚོགས་ཆུང་ནས་བྱ་དགོས།
ས་གནས་འཐུས་མིའི་ཚོགས་འདུའི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས།
དེ་མིན་བཅའ་ཁྲིམས་དོན་ཚན་ ༧༩ ནང་གསེས་ ༢༤ ནང་གསལ་ལྟར་སྐབས་རེའི་འཐུས་མིའི་ཡུན་ཚད་ལོ་གསུམ་རེ་ཡིན། ༤ས་གནས་འཐུས་མིའི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན།
བཅའ་ཁྲིམས་ཤོག་གྲངས་ ༦༩ ཡིག་ཕྲེང་ ༡༠
ས་གནས་འཐུས་མི་ཚོགས་འདུར་འཐུས་མི་རྩ་འབོར་སུམ་ཆ་གཉིས་འཛོམས་ཕྱིན་ཚོགས་འདུའི་ལས་དོན་བྱེད་ཆོག འཐུས་མིའི་རྩ་འབོར་ཆ་བགོས་བྱེད་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།
ས་གནས་འཐུས་མི་ཚོགས་འདུར་འཐུས་མི་རྩ་འབོར་སུམ་ཆ་གཉིས་འཛོམས་ཕྱིན་ཚོགས་འདུའི་ལས་དོན་བྱེད་ཆོག འཐུས་མིའི་རྩ་འབོར་ཆ་བགོས་བྱེད་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།
ས་གནས་ཀྱི་ལས་དོན་གང་གི་ཐད་གྲོས་འཆར་འདོན་རྒྱུར་ས་གནས་འཐུས་མི་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད། འཐུས་མི་མ་ཡིན་པའི་སྐྱེ་བོ་ཞིག་གིས་གྲོས་འཆར་འདོན་རྒྱུ་ཡོད་ཚེ། འཐུས་མི་ཞིག་གི་བརྒྱུད་འབུལ་ཆོག
ས་གནས་འཐུས་མིའི་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་ས་གནས་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་དང༌། ཁྲིམས་ཞིབ་བྱེད་བཞིན་པའི་དོན་གནད། ས་གནས་འཐུས་མིའི་ཚོགས་ཆུང་ཞིག་ནས་ཞིབ་འཇུག་བྱེད་བཞིན་པའི་དིན་གནས་བཅས་ཀྱི་སྐོར་གླེང་སློང་དང༌།གྲོས་བསྡུར་མི་ཆོག
དཔལ་འབྱོར་དང་འབྲེལ་བའི་ལས་དོན་རྣམས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་དོན་ཚན་གཞིར་བཟུང་ས་གནས་འཐུས་མི་ལྷན་ཚོགས་ཀྱིས་ཐག་གཅོད་བྱ་རྒྱུ།
ས་གནས་འཐུས་མི་ཚོགས་འདུ་ནས་རྒྱུན་ལས་འཕོ་འགྱུར་བྱ་དགོས་རིགས་འཐུས་མི་སུམ་ཆ་གཉིས་ཡན་མོས་མཐུན་བྱུང་ན་ཐག་གཅོད་ཆོག་རྒྱུ།
ས་ཁུལ་གང་ཞིག་ཏུ་བོད་མི་ཁྱིམ་ཚང་ལྔ་ལས་མ་ཉུང་བ་ཡོད་པ་དེར་ས་གནས་ཚོགས་ཆུང་རེ་བཙུག་དགོས་པ་དང༌། ཁྱིམ་ཚང་ལྔ་ལས་ཉུང་བ་ཡོད་ཚེ་ཉེ་འབྲེལ་ཚོགས་ཆུང་ཞིག་ཏུ་ཟླ་བསྒྲིལ་བྱ་དགོས།
བཅའ་ཁྲིམས་དོན་ཚན། ༦༠ ནང་གསེས་ ༡(༥)པོའི་ནང་གསལ་ལྟར་གྱི་ས་གནས་རང་བདེན་ཚོགས་ཆུང་ཟུར་འཛུགས་མ་བྱུང་བར་བཅའ་ཁྲིམས་དོན་ཚན་ ༦༠(༦)པ་ནང་གསལ་ལྟར་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་ལས་དོན་རྣམས་ས་གནས་འཐུས་མི་ཚོགས་འདུས་བསྒྲུབ་འཐུས་སྤྱི་ལྷན་ནས་དམིགས་བསལ་ཆོག་མཆན་ཞུ་རྒྱུ་དང་། རང་བདེན་ཚོགས་ཆུང་གི་ལས་དོན་ཁག་འཐུས་ཤོར་མེད་པ་ས་གནས་འཐུས་མི་ཚོགས་འདུ་ནས་བྱ་དགོས་པ་ཡིན།
(༥) བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་གང་སར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་རེ་དགོས་པ་སྒྲིག་གཞི་གཞིར་བཟུང་ས་གནས་མི་མང་ནས་འོས་བསྡུ་བྱས་པའི་ཚོགས་མི་གསུམ་ལས་མི་ཉུང་ཞིང་། བཅུ་གཅིག་ལས་མ་མང་བ་རེ་དགོས། (བཅའ་ཁྲིམས། དོན་ཚན་དྲུག་ཅུ་པ། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་། ནང་གསེས་༡)
(༦) གོང་གསལ་ནང་གསེས་ ནང་གསལ་སྒྲིག་གཞི་གཞིར་བཟུང་ཚོགས་ཆུང་འཛུགས་མི་ཐུབ་པའི་རིགས་ལ་ད་མུས་སྒྲིག་འཛུགས་ཇི་ཡོད་གནས་འཐུས་སྤྱི་ལྷན་ནས་དམིགས་བསལ་ཆོག་མཆན་གནང་འཐུས། (བཅའ་ཁྲིམས། དོན་ཚན་དྲུག་ཅུ་པ། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་། ནང་གསེས་ ༤)
སྐད་ཡིག་གཞན་དུ་ཕབ་བསྒྱུར་བྱས་པའི་སྒྲིག་གཞིའི་ཚིག་དོན་ཁག་འགྲེལ་བརྗོད་བྱ་ཚུལ་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་ཆ་འཇོག་བྱ་རྒྱུ།
སྒྲིག་གཞི་འདི་བཞིན་འགོ་འཛུགས་ལག་བསྟར་མ་བྱས་གོང་གི་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུའི་ལས་དོན་དང་། སྒྲིག་འཛུགས་ནས་ཐག་གཅོད་ལག་ལེན་ཟིན་པ་རྣམས་སྒྲིག་གཞི་འདིའི་དོན་གནད་ཁག་དང་མཐུན་མིན་གྱི་ཁག་དཀྲི་བྱས་ཏེ་སྙོན་འཛུགས་བྱས་མི་ཆོག
སྒྲིག་གཞི་འདི་བསྐྱར་བཅོས་ནམ་དགོས་མཚམས་ས་གནས་འཐུས་མིའི་ཚོགས་འདུ་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་གཏན་འབེབས་བྱས་པའི་སྒྲིག་གཞིའི་དོན་གནད་འཆར་ཟིན་ལ་དབུས་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དགོངས་དོན་གྱི་ཆོག་མཆན་ཐོབ་རྗེས་བསྐྱར་བཅོས་ཆོག་རྒྱུ།
༡༩༩༥ ཕྱི་ཟླ་ ༥ ཚེས་ ༢༨ ཉིན་འཐུས་མིའི་ཚོགས་འདུའི་ཐོག་སུད་སི་ལེཀ་ཊེན་སྤྲཡནབོད་རིགས་མི་མང་གི་སྒྲིག་གཞི་དང་ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི་འདི་ཉིད་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་ཞུས།
ཟུར་སྣོན་ཡིག་ཆ། དང་པོ།
༄༅། །བདག་་་་་་་་་་་་་་་་་་ཞེས་བགྱི་བ། སུད་སི་དང་ལེཀ་ཊེན་སྤྲཡནབོད་རིགས་མི་མང་གི་ས་གནས་འཐུས་མི་ཚོགས་འདུའི་ཚོགས་གཅོར། ཡང་ན། ཚོགས་གཙོ་གཞོན་པར་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དདང༌། ས་གནས་འཐུས་མི་ཚོགས་འདུའི་སྒྲོག་གཞི་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། ཚོགས་གཙོའི་ཡང་ན་ ཚོགས་གཙོ་གཞོན་པའི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་དགོངས་དོན་དང༌། སྒྲིག་གཞིའི་འབྲུ་དོན་རྣམས་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།
༡ མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།
ཟུར་སྣོན་ཡིག་ཆ། གཉིས་པ།
༄༅། །བདག་་་་་་་་་་་་་་་་་་་ཞེས་བགྱི་བ་སུད་སི་དང་ལེཀ་ཊེན་སྤྲཡན་ས་གནས་འཐུས་མི་ཚོགས་འདུའི་འཐུས་མིར་འོས་འདེབས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ས་གནས་འཐུས་མི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་དགོངས་དོན་དང་། སྒྲིག་གཞིའི་འབྲུ་དོན་རྣམས་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།
༡ མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། ཡང་ན། ༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།
ཟུར་སྣོན་ཡིག་ཆ། གསུམ་པ།
༄༅། །བདག་མིང་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ་བཙན་བྱོལ་བོད་ཀྱི་ས་གནས་ཁྲིམས་ཞིབ་པར་བསྐོ་བཞག་བྱུང་ལགས་ན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། ས་གནས་འཐུས་མི་ཚོགས་འདུའི་སྒྲིག་གཞི་བཅས་ལ་ཡིད་ཆེས་ཀྱི་ཐོག་ནས། ས་གནས་ཁྲིམས་ཞིབ་པའི་ལས་འཁུར་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་དང༌། སྒྲིག་གཞི་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང༌། ནུས་པ་དང་ཐེག་ཞུ་རྒྱུའི།
༡ མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། ཡང་ན། ༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།